ཤུལ་ལུས་ཀྱི་སྐྱེ་བོ།

༈ ཤུལ་ལུས་ཀྱི་སྐྱེ་བོ་ཚོ། བོད་ཤ་ཁྲག་རུས་གསུམ།
༈ རང་གི་གཉེན་ཚན་གྲོངས་པའི་རྗེས་ཤུལ་དུ།།
སྐྱོ་གདུང་ཁུར་པོས་ནོན་པའི་སྐྱེ་བོ་ཚོ།།
མིག་ཀོང་མཆི་མ་ཆུ་བོ་བཞུར་བཞུར་རེད།།
ཡུལ་གྱར་སྤུན་ཟླས་གདུང་སེམས་མཉམ་བསྐྱེད་ཡོད།།


སེམས་དང་བསམ་པ་ང་ཚོ་འདྲིས་ནས་ཡོད།།
རིགས་དང་རུས་པ་ང་ཚོ་གཅིག་པ་ཡིན།།
ཕྱི་ནང་གང་སར་གནས་པའི་སྤུན་ཟླ་ཚོས།།
སེམས་ཀྱི་མཆིལ་མའི་ཞལ་འདེབས་ཤག་ཤག་རེད།།

༧རྩ་བའི་བླ་མས་ཐུགས་སྨོན་གནང་གིན་འདུག།
སྐྱེས་ཆེན་མང་བོས་བསྔོ་སྨོན་མཛད་ཀྱིན་འདུག།
བོད་རིགས་ཡོངས་ཀྱིས་མ་ཎི་འདོན་བཞིན་འདུག།
ཤུལ་ལུས་བོད་རིགས་རྣམ་པ་སེམས་མ་སྐྱོ།།

འབྱུང་བཞིའི་གནོད་པ་རི་གཟར་རྦ་རྡོ་འདྲ།།
རྐྱེན་ངན་གྲོགས་ཤར་ཟེར་བ་དང་ལེན་གནོངས།།
མི་རྟག་དྲན་བསྐུལ་ཟབ་མོ་ཡིད་ལ་ཟུངས།།
ང་ཚོས་ནམ་ཡང་ཁྱེད་ཅག་བརྗེད་མི་སྲིད།།

3 comments:

  1. ཤར་རྐང་ལ།11/11/2011, 07:00

    རྐང་གཉིས་མི་ཡི་ཤ་ཚུགས་འཛིན་ལ་བདེན་ལུགས་སྨྲ་བའི་རང་དབང་ལྡན།།
    རྣམ་ཤེས་བེན་གཟུགས་མི་ལུས་གྲུབ་ན་འགྲོ་མིའི་ཐོབ་ཐང་ལྡན་ཟེར་ཡང་།།
    ཁ་བའི་ཞིང་འདིར་དེ་ལས་ལྡོག་ནས་མི་ལ་ཕྱུགས་ཀྱི་རིན་བོར་ནས།།
    རྒྱ་དམར་ཐོག་གིས་བོད་སྲོག་འགུམས་དུས་འཛམ་གླིང་ཁྲིམས་སྲོལ་བག་ལ་ཞ།།

    ReplyDelete
  2. ཤར་རྐང་ལ།11/11/2011, 07:04

    ལེགས་པོ་འདུག་གོ

    ReplyDelete