རེ་སྐུལ་ངག་གི་འགྱུར་ཁུགས།

༄༅། ། རེ་སྐུལ་ངག་གི་འགྱུར་ཁུགས། རྩོམ་པ་པོ། ཚིག་མུ་ལ།
ཕྱི་རོལ་ཁོར་ཡུག་མི་གཙང་དུག་གིས་སྦག།
ནང་གི་གཏེར་ཁ་བསྔོགས་ནས་ཕྱི་ལ་སྤྱུགས།།
འགྲོ་ཀུན་ཐམས་ཅད་བདེ་བར་གནས་འདོད་ན།།
གོ་ལ་ཟླུམ་པོ་གཅེས་སྐྱོང་བྱ་ལ་རེམས།།


ཁ་ནས་བཤད་པ་ར་མ་ལུག་གི་སྐད།།
ཡ་ཆུང་སེམས་ལ་ངོ་ཚ་མཐུན་སྒྲིལ་བྲལ།།
ང་ཚོ་བོད་པ་ཡུན་རིང་གནས་འདོད་ན།།
མེས་པོའི་ཕ་ནོར་གཅེས་སྐྱོང་བྱ་ལ་རེམས།།

ངེས་མེད་གྲོང་ནས་རང་ལུས་ཚོང་རྫས་བྱས།།
རང་ལུས་རིན་ཆེན་མི་འདོད་ནད་ཀྱིས་བཟུང།།
ང་ཚོ་སྲིད་འདིར་བདེ་བར་གནས་འདོད་ན།།
མི་ལུས་རིན་ཆེན་གཅེས་སྐྱོང་བྱ་ལ་རེམས།།

ཕྱི་རོལ་རྩྭ་ཆུ་བརྩད་ནས་ནང་དམེ་བྱས།།
ནང་མི་ཆོལ་གསུམ་བར་ལ་ཕྱོགས་ཞེན་བཟུང་།།
ང་ཚོ་ཡ་རབས་མི་རིགས་བྱ་འདོད་ན།།
ནང་གི་མཐུན་སྒྲིལ་གཅེས་སྐྱོང་བྱ་ལ་རེམས།།

No comments:

Post a comment