༈ རྒྱང་རིང་གི་ཨ་མ།
             འཆམ་ར་དྲི་མེད་རྒྱལ་མཚན།(ས་མཐའི་གཡུ་རལ།)
ལས་དབང་གི་གོམ་སྟབས་རེ་རེ། ཨ་མ་དང་གྱེས་པའི་ན་ཟུག་རེ་རེ།
མཐའ་ཡས་པའི་རྒྱ་མཚོའི་ཟུར་ནས། ངས་རྒྱང་རིང་གི་ཨ་མ་ཁྱེད་རང་ཧ་ཅང་དྲན།
རྒྱ་མཚོའི་རྦ་རླབས་རེ་རེ། ཨ་མ་འབོད་པའི་སྒྲ་དབྱངས་རེ་རེ།
ཆུ་ཡི་ཟེགས་མ་རེ་རེ། ཨ་མ་དྲན་པའི་མིག་ཆུ་རེ་རེ།
ཨ་མ། ཨ་མ།
ངའི་སེམས་ཀྱི་དྲན་ཤིང་དཀར་པོ།
བརྩེ་བ་དམར་པོ་སེམས་ལ་ཉར་ཡོད།
དུང་བ་དཀར་པོ་རྒྱང་ལ་གཏད་ཡོད།
ཁྱེད་རང་སྐུ་ཚེ་ཡུན་དུ་བརྟན་པར་ཤོག

ག་རེ་ཐོས་བྱུང་།

༈ ག་རེ་ཐོས་བྱུང་། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཡར་གིའི་རི་རྩེར་བལྟས་པས། །
སྐྱ་རེངས་མར་མར་འཆར་བྱུང་། །
སྐྱ་མདའ་ཐར་ཐོའི་བར་ནས། །
བླ་མའི་གསུང་སྐད་ཐོས་བྱུང་། །

སྙིང་ཉེ་མ།

སྙིང་ཉེ་མ། རྩོམ་པ་པོ། མུ་ལ།
མ་ཡུམ་སློབ་གྲྭའི་གླིང་ན།
དབྱངས་གསལ་སོ་བཞི་གྱེར་རོགས།
སྙིང་སྡུག་ལྷག་དཀར་སྒྲོན་མ།
ཁྱོད་ལ་བཅངས་བའི་བརྩེ་བ།
མི་འགྱུར་རྡོ་རྗེ་བྲག་ཡིན།
བུ་ངའི་སྙིང་གི་མེ་ཏོག
སྙིང་ཉེ་ལྷག་དཀར་སྒྲོན་མ།
སྙིང་ཉེ་ལགས། ལྷག་དཀར་སྒྲོན་མ།
ང་རང་ཁྱེད་ལ་དགའ་བ།
ནམ་ཡང་འགྱུར་བ་མེད། སྙིང་ཉེ་ལགས།

གྲོང་ཁྱེར་གྱི་ཕྱིར་དྲན།

༈ གྲོང་ཁྱེར་གྱི་ཕྱིར་དྲན། རྩོམ་པ་པོ།_སུམ་པའི་མེ་གཤོག
གྲོང་ཁྱེར་ནི་དེ་འདྲའི་འགྱུར་ལྡོག་ཆེ།
ང་རང་ནི་ཉིན་བཞིན་ཧུར་བརྩོན་བྱེད།
རོལ་དབྱངས་ཀྱིས་སེམས་ཀྱི་ངལ་བ་གསོས།
འཚོ་བ་ཞིག་དེ་ལྟར་ལོ་ལ་རོལ།

མི་ཡུལ་གྱི་དག་ཞིང་།

མི་ཡུལ་གྱི་དག་ཞིང་། __ གཞས་ཚིག རྩོམ་པ་པོ་འཛུམ།
སྟོད་ལ་གངས་རི་དཀར་པོ་བརྗིད།
གངས་ལ་སེང་གེ་དཀར་མོས་གཡུ་རལ་གསིགས།
མ་ཡུམ་ལགས། གངས་ལྗོངས་ཕྱུག་མོ།
ཁྱེད་ནི་ཤར་ནུབ་ཆུ་བོ་བརྒྱ་ཕྲག་གི་འབྱུང་ཁུངས་དང་།
ནམ་ཡང་མཐོ་སྒང་ཁ་བ་རི་པའི་གཞིས་ཁྱིམ་ཡིན།

དུང་དཀར་མཚོ།

དུང་དཀར་མཚོ། རྩོམ་པ་པོ། མུ་ལ་ནས།
ཁྲོམ་རའི་མི་ཚོགས་ཁྲོད་ན། །
མཛེས་སྡུག་ལང་ཚོ་དར་བའི། །
བུ་མོ་དུང་དཀར་མཚོ་ལ། །
འཕྲད་པས་སྣང་བ་སྐྱིད་སོང་། །

ཁྱེད་ཀྱི་བཀའ་དྲིན།

ཁྱེད་ཀྱི་བཀའ་དྲིན། __གཞས་ཚིག རྩོམ་པ་པོ་འཛུམ།
སྐྱབས་མགོན་ལགས། ཡིད་བཞིན་ནོར་བུ།
ང་ཚོས་ཁྱེད་ཀྱི་ངག་ནས།
ཆོལ་གསུམ་གྱི་ཕུ་ནུ་མིང་སྲིང་།
རྡོག་རྩ་ཆིག་སྒྲིལ། དཔུང་པ་མཉམ་གཤིབ།
མཐུན་འབྲེལ་གྱི་རྩ་བ་ཚུགས་སོང་།
སྐྱབས་མགོན་ལགས། ཡིད་བཞིན་ནོར་བུ་ཁྱེད་ལ་བཀའ་དྲིན་ཞུ།
ཁྱེད་ཉིད་ད་དུང་ང་ཚོའི་ཆེད། འདི་ལྟར་བསྐལ་བརྒྱར་བཞུགས་རོགས།

ཕྱིར་ཕེབས་རོགས།

ཕྱིར་ཕེབས་རོགས། རྩོམ་པ་པོ། མུ་ལ་ནས།
གངས་སེང་དཀར་མོའི་ཕ་ས། །
གངས་དཀར་ལྷུན་པོ་མཐོང་དུས། །
གཡུ་རལ་ཅན་གྱི་གངས་སེང་། །
ཡིད་ལ་ཡང་ཡང་དྲན་གི །
ང་ཡི་གངས་སེང་ལགས། ཕྱིར་ཕེབས་རོགས།
གཡུ་ཡི་རལ་བ་གསིག་བཞིན། །
མྱུར་ཏུ་ཕེབས་རོགས།

སེམས་པ་སྐྱོ་སོང་།

༈ སེམས་པ་སྐྱོ་སོང་། རྩོམ་པ་པོ། མུ་ལ།
ཚང་ཚིང་ནགས་ཀླུང་ཁྲོད་ན། །
བྱ་རིགས་སྣ་ཚོགས་འཛོམས་ཀྱང་། །
ལྷ་བྱ་ཁུ་བྱུག་མེད་པས། །
འཇོལ་མོའི་སེམས་པ་སྐྱོ་སོང་། །

ང་ཚོས་གཅེས་སྐྱོང་བྱ་དགོས།

༈ ང་ཚོས་གཅེས་སྐྱོང་བྱ་དགོས། རྩོམ་པ་པོ། མུ་ལ།
མེས་པོས་བཞེངས་པའི་ཕ་མཁར། །
སྐྱབས་མཆོག་བླ་མའི་ཕོ་བྲང་། །
གནས་མཆོག་པོ་ཏ་ལ་འདི། །
ང་ཚོས་གཅེས་སྐྱོང་བྱ་དགོས། །

བྱམས་པ་མ་གཏོགས་མི་བཤད།

༈ བྱམས་པ་མ་གཏོགས་མི་བཤད། རྩོམ་པ་པོ། མུ་ལ།

རྒྱུ་ནོར་སྒྱུ་མའི་རང་བཞིན།།
སུ་ལ་མཁོ་ཡང་སྦྱིན་ཆོག།
བྱམས་པས་གནང་བའི་མཛུབ་དཀྲིས།།
ཤི་ཡང་གཞན་ལ་མི་སྟེར།།

རེ་སྐུལ་ངག་གི་འགྱུར་ཁུགས།

༄༅། ། རེ་སྐུལ་ངག་གི་འགྱུར་ཁུགས། རྩོམ་པ་པོ། ཚིག་མུ་ལ།
ཕྱི་རོལ་ཁོར་ཡུག་མི་གཙང་དུག་གིས་སྦག།
ནང་གི་གཏེར་ཁ་བསྔོགས་ནས་ཕྱི་ལ་སྤྱུགས།།
འགྲོ་ཀུན་ཐམས་ཅད་བདེ་བར་གནས་འདོད་ན།།
གོ་ལ་ཟླུམ་པོ་གཅེས་སྐྱོང་བྱ་ལ་རེམས།།

མཐུན་སྒྲིལ།

༄༅། ། མཐུན་སྒྲིལ། རྩོམ་པ་པོ། ཚིག་མུ་ལ།
སྟོན་པ་གཅིག་ལས་ཆད་པའི།།
གྲུབ་མཐའ་སོ་སོའི་བར་ལ།།
ཕྱོགས་ཞེན་ཆགས་སྡང་མ་བྱེད།།
མཐུན་སྒྲིལ་ཨ་ལོང་དམ་དགོས།།

ཁ་བའི་རྒྱན་ཆ་རེད།

༄༅། ། ཁ་བའི་རྒྱན་ཆ་རེད། རྩོམ་པ་པོ། ཚིག་མུ་ལ།
ཕྱོགས་ཞེན་ཆགས་སྡང་བྲལ་བའི་བླ་མ་གཅིག །
གཞན་ཕན་ཁོ་ན་བསྒྲུབ་པའི་དཔོན་པོ་གཉིས། །
མཐུན་སྒྲིལ་ཨ་ལོང་དམ་པའི་འབངས་མི་གསུམ། །
འདི་གསུམ་འཛོམ་ན་ཁ་བའི་རྒྱན་ཆ་རེད། །

ཧི་མ་ལ་ནས་རྡུལ་འཚུབ་འཕྱུར་དུས།

༈ ཧི་མ་ལ་ནས་རྡུལ་འཚུབ་འཕྱུར་དུས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
མ་ཎིའི་བྱིན་རླབས་རེ་རེ་
གདུང་བ་སྟོང་གིས་དབྱངས་སུ་བཀུག་ནས་
སྐྱོ་བ་སྟོང་གིས་ངག་ལ་གྱེར་ནས་
འདི་ནས་ས་གཡོས་པའི་ཕྱོགས་སུ་མངག་ཡོད།
ངུ་འབོད་ཀྱི་ཀུ་ཅོ་སྡིར་སར་གཏོང་ཡོད།
ཨོཾམཎིཔདྨེཧཱུཾཧྲི༔ཨོཾམཎིཔདྨེཧཱུཾཧྲི༔ཨོཾམཎིཔདྨེཧཱུཾཧྲི༔

རྒྱ་མཚོ་ཆེན་པོའི་མཐའ་ན།

༈ རྒྱ་མཚོ་ཆེན་པོའི་མཐའ་ན། (Oceanside) རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཆུ་ཡི་རྦ་རླབས་རེ་རེ།།
སེམས་ཀྱི་དྲན་ཤིང་རེ་རེ།།
ཆུ་མོ་གཞུང་ལ་རྒྱུག་དུས།།
སྐྱོ་གདུང་སེམས་ལ་འཁྱིལ་བྱུང་།།

ཕོ་བྲང་ཆེན་མོ་པོ་ཏཱ་ལ།

༈ ཕོ་བྲང་ཆེན་མོ་པོ་ཏཱ་ལ། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
བཙན་པོའི་སྙིང་སྟོབས་ཀྱིས་བཞེངས་པའི།
བོད་མིའི་སྤོབས་པ་རུ་བཞུགས་པའི།
གངས་དཀར་རི་བོ་ལྟ་བུའི་པོ་ཏཱ་ལ།
རླུང་བུ་འུར་འུར་ལྡང་དུས། དར་ལྕེ་ཤིག་ཤིག་སྤུར་དུས།
ཁྱེད་ཀྱི་སེམས་ལ་ཅི་ཞིག་སྒོམ་ཡོད།
ཁྱེད་ཀྱི་སྤྱན་ལ་གང་ཞིག་ཐོགས་ཡོད།
ང་ཡི་སེམས་ཀྱི་སྨོན་འདུན། ཁྱེད་ཀྱི་སྒོ་རྩར་སྤུངས་ཡོད།
ང་ཡི་སེམས་ཀྱི་འབོད་ས། ཕོ་བྲང་ཆེན་མོ་པོ་ཏཱ་ལ།

འགྲོ་དང་།

༈ འགྲོ་དང་། རྩོམ་པ་པོ། འཆམ་ར་དྲི་མེད།
ཤར་གྱི་རི་ལ་འགྲོ་དང་། །
ཉི་མ་ཤར་ས་ཡིན་འདུག །
ཉི་འོད་ལུས་ལ་ཕོག་ན། །
བདེ་སྐྱིད་ལུས་ལ་ཐོབ་ཡོང་། །

ཁྱེད་ཀྱི་སྐྱེས་སྐར་བསུ།

༈ ཁྱེད་ཀྱི་སྐྱེས་སྐར་བསུ། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཨ་ཕ་སྟག་རྒོད་འདྲ་མོ་གཡས་ན་བཞུགས་ནས།
ཨ་མ་རྨ་བྱ་འདྲ་མོ་གཡོན་ན་བཞུགས་ནས།
བུ་ཆུང་སེང་ཕྲུག་འདྲ་མོའི་སྐྱེས་སྐར་བསུའོ། །
ཉི་མ་གནམ་ལ་ཤར་བྱུང་། གངས་རི་ས་ལ་འགྱིང་སོང་།
ཁྱེད་ཀྱི་སྐྱེས་སྐར་གནམ་སའི་བར་ནས་བསུ། །
བཀྲ་ཤིས་སྨོན་འདུན་སེམས་པའི་གཏིང་ནས་བྱ། །
བདེ་སྐྱིད་འཚོ་བས་སྐུ་ཚེ་རིང་པར་ཤོག།

རྣམ་དཔྱོད་ངོམ་དགོས།

༈ རྣམ་དཔྱོད་ངོམ་དགོས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
དཔའ་རྩལ་དཔའ་རྩལ་ཟེར་ནས་ཡོད་མདོག་བསྟན་ཀྱང་། །
རྣམ་དཔྱོད་དཔའ་རྩལ་མེད་ན་ཁ་ཕོས་ཅི་ཕན། །
ལུག་རྒན་རྡུང་ཁ་བརྒྱབ་ནས་ཀླད་ཁྲག་འདྲེས་འདུག །
གྲི་འགོ་འཕུར་རྒྱུ་མ་མང་གངས་ཅན་བོད་པ། །

རིགས་བཟང་བུ་མོ།

༈ རིགས་བཟང་བུ་མོ། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
རིགས་བཟང་བུ་མོ། རི་བོའི་རྩེ་ལ་ལོག་འགྲོ
རི་བོའི་རྩེ་ལ་ཁ་བའི་མེ་ཏོག་བཞད་ཡོད།
ཁ་བའི་མེ་ཏོག་སྐད་དང་ཡི་གེ་ཡིན་སོང་།
བོད་ཕྲུག་ང་ཚོའི་བླ་སྲོག་དབང་ཐང་ཡིན་སོང་།
རེིགས་བཟང་བུ་མོ་ལགས། རི་བོའི་རྩེ་ལ་ལོག་འགྲོ

གཤོག་པ་ཅན།

༈ གཤོག་པ་ཅན། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
༈ བྱ་ཐང་དཀར་གསེར་གྱི་གཤོག་པ་ཅན། །
འཕུར་བསམ་ན་འདབ་མ་རང་འགྲུབ་རེད། །
དགུང་ནམ་མཁའི་ཁ་རྒྱ་ཆེན་པོ་འདི། །
བྱ་ཁྱོད་ཀྱི་བསོད་ནམས་དབང་ཐང་རེད། །

ཕྱི་རྫིག་ནང་སྟོང་།

༈ ཕྱི་རྫིག་ནང་སྟོང་། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
སྟག་འཛུམ་དྲུག་བརྗིད་རྔམ་ཚ་པོ་མ། །
ཕར་བལྟས་ན་སེམས་ཀྱི་སྙིང་སྟོབས་རེད། །
ཁྱོད་ཡོད་ས་ལྕགས་ཁྲབ་གྲུ་བཞི་རེད། །
དཔའ་སྟོབས་རྩལ་ཆེ་ཡང་བཙོན་པ་རེད། །

ལོ་བརྒྱ་མ།

༈ ལོ་བརྒྱ་མ། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
སྤྲིན་དཀར་འདབ་མ་མང་པོའི་མར་ཞབས་ནས། །
སྙིང་གཏམ་མེ་ཏོག་དམར་པོ་གཏོང་བཞག་ཡོད། །
སྲིད་པའི་གངས་ཀྱིས་ལོ་དགུར་མནན་ན་ཡང་། །
སྙིང་གི་དཀྱིལ་ནས་མ་གློད་ལོ་བརྒྱ་མ། །

ཨ་ཕ། ཁྱེད་གང་ན་ཡོད།

༈ ཨ་ཕ། ཁྱེད་གང་ན་ཡོད། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
སྐྱིད་འཚོ་བ་རྒྱས་སའི་ཕ་ཡུལ་ནས། །
ས་ཐག་རིང་ཡུལ་ལ་འགྲོ་ཉིན་མ། །
ཞེ་བསམ་པ་ཐོགས་སའི་དྲིན་ཆེན་ཕ། །
དུས་དེང་སང་ས་ཕྱོགས་གང་ན་ཡོད། །

ཁ་པར་ཁ་ལ་སྦྱར་ན།

༈ ཁ་པར་ཁ་ལ་སྦྱར་ན། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཁ་པར་ཁ་ལ་སྦྱར་ནས། །
སྙིང་གཏམ་རྒྱང་ལ་མ་བཤད། །
ཨ་ཞེ་ཚེ་རིང་ལོ་བརྒྱ། །
སྙིང་གི་རུས་པ་བཅག་ཡོང་། །

གངས་འདབས་བུ་མོ།

༈ གངས་འདབས་བུ་མོ། རྩོམ་པ་པོ། སྐྱིད་སྲས།
གངས་རིའི་འདབས་ཀྱི་བུ་མོ།།
ཉི་མ་ཟླ་བའི་ཚ་མོ།།
ཉི་ཐིག་སྐྲ་རྩེར་ཟེགས་བྱུང་།།
སླེ་སྐྲ་གསེར་ཆུས་བྱུགས་འདྲ།།

སླེབས་བྱུང་།

༈ སླེབས་བྱུང༌། རྩོམ་པ་པོ། ནང་ཆེན་ཁམས་སྲས།
རྩོམ་པ་པོ། ནང་ཆེན་ཁམས་སྲས།
གདོང་ལྔའི་རྒྱལ་དར་འཕྱར་བཞིན་སླེབས་བྱུང༌།
ཞི་བདེའི་ཁ་གཡང་སྒྲོག་བཞིན་སླེབས་བྱུང༌།
པོ་ཏ་ལའི་གཟི་བྱིན་ལ་མིག་ཟུང་ཅེར་ཏེ་སླེབས་བྱུང༌།
འབོད་བཞིན་པའི་ཚིག་འབྲུ་རེ་རེ་ནི་རང་དབང་དང་འདྲ་མཉམ་ཡིན་ལ།
བསམ་བཞིན་པའི་ཆོད་སེམས་རེ་རེ་ནི་རྒྱལ་གཅེས་དང་རིགས་ཞེན་རེད།

འཕྲུལ་རྟ་ལ་གཟབ་གཟབ་གྱིས།

༈ འཕྲུལ་རྟ་ལ་གཟབ་གཟབ་གྱིས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཡུན་རིང་བསགས་པའི་དངུལ་གྱིས་འཕྲུལ་རྟ་ཉོ་བའི་དུས་སུ། །
འཕྲུལ་རྟའི་འཕྲུལ་དང་འདྲ་བའི་སློབ་སྦྱོང་རང་ལ་ཡོད་དགོས། །
བྱོལ་སོང་རྟ་ཕོ་ཞོན་པའི་སློབ་སྦྱོང་དེ་ལས་མེད་ན། །
རང་སྲོག་གཅོད་པའི་རལ་གྲི་རང་གིས་ཉོ་བཞིན་ཡོད་སྲིད། །

བརྗེད་པ་མི་སྲིད། རྩོམ་པ་པོ། ནང་ཆེན་ཁམས་སྲས།

༈ བརྗེད་པ་མི་སྲིད། རྩོམ་པ་པོ། ནང་ཆེན་ཁམས་སྲས།
གཡོ་སྒྱུ་ཐབས་ཀྱི་བསླུ་བྲིད་མཁས་ཀྱང༌།།
ལོ་རྒྱུས་དོན་རྐྱེན་བརྗེད་པ་མི་སྲིད།།
དྲག་པོའི་དཔུང་གི་རྔམ་ཟིལ་ཆེ་ཡང༌།།
བདེན་པའི་ཐོབ་ཐང་བསྐྱུར་བ་མི་ཕོད།།

བོད། ཨེ་ཤ་ཡའི་ཆུ་མཛོད་ཆེན་མོ།

བོད། ཨེ་ཤ་ཡའི་ཆུ་མཛོད་ཆེན་མོ། རྩོམ་པ་པོ། སེར་ཤུལ་རིན་ཆེན་དོན་གྲུབ།
༡)ཁོར་ཡུག ཚེ་སྲོག་གི་རྟེན་གཞི།
གཙང་རླུང་། ལུས་ཁམས་ཀྱི་གསོ་སྨན།
མཁའ་རླུང་གཙང་མ། གངས་ཆུ་དྭངས་མ།
མི་གྲངས་ཐེར་འབུམ་གྱི་འཚོ་བཅུད་ཡང་དག
ཨེ་ཤ་ཡའི་ཆུ་མཛོད་ཆེན་མོ། བོད་གངས་ཅན་ལྗོངས།

ང་མགོ་ཡོམ་འཁོར་བྱུང༌།

༈ ང་མགོ་ཡོམ་འཁོར་བྱུང༌། རྩོམ་པ་པོ། ནང་ཆེན་ཁམས་སྲས།
མི་སྲིང་ཚོའི་ཚེ་སྲོག་གཅོད་བཞིན།།
སྤུན་ཟླ་ཞེས་འཛུམ་མདངས་བསྟན་བྱུང༌།།
ཕ་མཁར་དེ་རྨང་ནས་བཤིག་བཞིན།།
འཛུགས་སྐྲུན་ཅེས་ཁ་ཡག་བཤད་བྱུང༌།།

གོམ་ཆེན་སྤོ།

༈ གོམ་ཆེན་སྤོ། རྩོམ་པ་པོ། སྡེ་དགེ་ཀརྨ་རྣམ་དག
གནམ་སྔོན་པོ་འདི་ཡི་མར་འོག་ན།།
དུས་དེང་སང་མངའ་ཐང་དམའ་ན་ཡང་།།
སེམས་ངར་ཤུགས་མ་ཆག་གངས་ཕྲུག་ཚོ།།
ངེད་ཚང་མ་བཙན་པོའི་གདུང་རྒྱུད་ཡིན།།

གཙང་མའི་དུངས་སེམས།

༈ གཙང་མའི་དུངས་སེམས། རྩོམ་པ་པོ། སྡེ་དགེ་ཀརྨ་རྣམ་དག
ལང་ཚོ་རྫིག་འདུག་མ་བསམས།།
འཐོབ་པའི་རེ་དོགས་མ་བཅངས།།
ཐོབ་ཤོར་མེད་པའི་བར་ནས།།
ཁྱོད་རང་སྙིང་ལ་འཛུལ་འདུག།

སྣང་ཉམས།

༈ སྣང་ཉམས། རྩོམ་པ་པོ། སྡེ་དགེ་ཀརྨ་རྣམ་དག
སྐྱ་ཁྲ་ཧོར་པས་གཏོར་བའི།།
ཚང་མལ་ས་ལ་འཐོར་འདུག།
རྒྱབ་རིའི་བྲག་དཀར་སྐྱིབས་ན།།
ཕུག་རོན་མཐོང་རྒྱུ་མི་འདུག།

འགྲོ་ཡ་གངས་ཕྲུག་ཚོ།

༈ འགྲོ་ཡ་གངས་ཕྲུག་ཚོ། རྩོམ་པ་པོ། ནང་ཆེན་ཁམས་སྲས། (བོད་འབྱོར།)
ལས་དབང་གཅིག་པའི་གངས་ཕྲུག་ཚོ།།
མེས་པོའི་ཞབས་རྗེས་མཇལ་དུ་འགྲོ།།
ཕ་མེས་དུར་ས་འཚོལ་དུ་འགྲོ།།
གཡོ་ཁྲིམས་གསང་བ་སྔོག་ཏུ་འགྲོ།།

ངོ་མཚར་བའི་བོད།

༈ ངོ་མཚར་བའི་བོད། རྩོམ་པ་པོ། ནང་ཆེན་ཁམས་སྲས། (བོད་འབྱོར།)
ཡངས་པའི་འཇིག་རྟེན་འདི་ན།།
སྐད་དང་ཡི་གེ་མང་ཡང༌།།
ངོ་མཚར་དཔལ་གྱིས་ཕྱུག་པ།།
བོད་ཡིག་འདྲ་བ་མི་འདུག།

རེ་སྒུག་གི་ཉི་མ།

༈ རེ་སྒུག་གི་ཉི་མ། རྩོམ་པ་པོ། ནང་ཆེན་ཁམས་སྲས། (བོད་འབྱོར།)
ཐག་རིང་རྒྱང་གི་འཛམ་གླིང་ཉི་མ།།
དད་འདུན་ཐལ་མོ་སྙིང་ཀར་སྦྱར་ཏེ།།
གསོལ་འདེབས་རེ་སྨོན་དབྱངས་ལ་གྱེར་བཞིན།།
ནམ་ཕེབས་ཁྱེད་ལ་རེ་སྒུག་བྱས་ཡོད།།

འགྲོ་བའི་སྐྱབས་མགོན།

འགྲོ་བའི་སྐྱབས་མགོན། རྩོམ་པ་པོ། སེར་ཤུལ་རིན་ཆེན་དོན་གྲུབ།
འགྲོ་བའི་སྐྱབས་མགོན། བསྐལ་བ་སྟོང་གི་ཐུགས་བསྐྱེད་དེ་ལ།
ཨེ་མ་ངོ་མཚར་ཆེ་བྱུང་། ཨེ་མ་གཟི་བརྗིད་ཆེ་བྱུང་།
ཞི་བདེའི་དེད་དཔོན། ངོ་མཚར་ལྡན་པའི་མཛད་བཟང་བསམ་ན།
དད་འདུན་ལྡོག་མེད་འཕྱུར་བྱུང་། སྐྱབས་མགོན་དམ་པ་མཁྱེན་ནོ།།

ཆུང་འགྲོགས་བྱམས་པ།

ཆུང་འགྲོགས་བྱམས་པ། རྩོམ་པ་པོ། བཅུད་པར་རྫ་སྐྱེས།
ཡངས་པའི་རྩྭ་ཐང་ཁྲོད་ཀྱི། །
རུ་སྡེ་ཁྲ་མོའི་གྲོང་ན། །
ང་ཡི་ཆུང་འགྲོགས་ལུས་ཡོད།།
བརྩེ་སེམས་དཀར་པོ་དུང་འདྲ།།
དུངས་པའི་བྱམས་པ་ལྷ་ཡིན།། 

ཕོ་རྒོད་དར་མ་མདུན་ལ་ཐོན་ཤོག

༈ ཕོ་རྒོད་དར་མ་མདུན་ལ་ཐོན་ཤོག རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
གྲི་དང་མེ་མདའ་ཟུར་དུ་གཡུགས་ནས། །
ཤེས་བྱ་རིག་པའི་དཔུང་ཤེད་ངོམ་སྟེ། །
ཕོ་རྒོད་དར་མ་མདུན་ལ་ཐོན་ཤོག །
བཙན་པོའི་དེབ་ཐེར་ཀློགས། རིག་པའི་བློ་གྲོས་སྡུར།
གངས་རིའི་བུ་ཞིག་ཡིན་པའི་རྟགས་ཤིག་གཞག

ཇེ་ཉེ་ཇེ་ཆེ་རེད།

༈ ཇེ་ཉེ་ཇེ་ཆེ་རེད། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཕུ་རིའི་ཕུ་ལ་བལྟས་པས།
ཞབས་རྗེས་རེ་རེ་སྲིད་པའི་གངས་ལ་གཏོད་འདུག
རླུང་དམར་རྒྱག་ཐེངས་རེ་རེ།
མེ་ལྕེ་འབར་ཐེངས་རེ་རེ།
ཞབས་རྗེས་རི་མོ་ཇེ་གསལ་ཇེ་གསལ་རེད།
སེམས་ཀྱི་ཁ་ཐག་ཇེ་ཉེ་ཇེ་ཉེ་རེད། 

གངས་རི་དཀར་པོའི་སྒལ་ཚིགས།

༈ གངས་རི་དཀར་པོའི་སྒལ་ཚིགས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཕ་ས་ཕ་ཡུལ་དག་པའི་ཞིང་ཁམས་ཡིན། །
ཤར་གྱི་ཇག་པས་བཟུང་བའི་བཙོན་རྭ་ཡིན། །
སྡུག་གི་མིག་ཆུ་ཤད་པའི་སྤུན་ཟླ་རྣམས། །
གངས་རི་དཀར་པོ་འདི་ཡི་སྒལ་ཚིགས་ཡིན། །

མེ་ལྕེའི་ནང་གི་བོད།

༈ མེ་ལྕེའི་ནང་གི་བོད། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
 མེ་ལྕེའི་ཚ་ངར་རེ་རེ། ཁྱེད་ཀྱི་སྙིང་སྟོབས་རེ་རེ།
དུང་དཀར་པོའི་ཡུལ་ལྗོངས་ཆགས་འདྲ་བོ།
སྡུག་སྨག་ནག་ནང་གི་ཁ་བ་ཅན།
ལྷབ་ལྷུབ་ཏུ་འབར་བའི་མེ་ལྕེའི་གསེང་ནས།
ལྷང་ལྷང་དུ་འབོད་པའི་གདུང་ངག་ཁྲོད་ནས།
ཇེ་དཀར་ཇེ་དཀར་རེད་བྱུང་།
ཇེ་གསལ་ཇེ་གསལ་རེད་བྱུང་།
མེ་སྟག་ཐར་ར་ར། མདུན་མཆོང་ཤིགས་སེ་ཤིག

ལོ་ནག་ཅིག་གི་དྲན་ཤིང་།

༈ ལོ་ནག་ཅིག་གི་དྲན་ཤིང་། རྩོམ་པ་པོ། ལི་ཐང་དབྱིག་གཉེན།
༡༽རང་ཡུལ་གཞན་ལག་ཤོར་བའི་དུས་ཚིགས་གཅིག།།
སྤུན་གཉེན་མི་ཡུལ་འཁྱམ་པའི་ལོ་ཟླ་གཉིས།།
དགྲ་གཉེན་གྲོགས་ལ་བརྩི་པའི་དུས་རབས་གསུམ།།
བུ་མོ་ང་ཡི་དྲན་ཤིང་ཁུར་བོ་རེད།།

བརྩེ་དུང་གི་སྐྱོ་གར།

༈ བརྩེ་དུང་གི་སྐྱོ་གར། རྩོམ་པ་པོ། ལི་ཐང་དབྱིག་གཉེན།
སྐྱོ་བའི་ངུ་ངག་རླུང་གིས་ཁྱེར་སོང་།།
མིག་ཆུའི་ཐིགས་པ་ས་རུ་འཐོར་སོང་།།
ཁྱེད་ཉིད་དྲན་པའི་གདུང་བ་ལྕི་མོས།།
ང་ཡི་སྙིང་ལ་རྨ་ཁ་བཟོས་སོང་།།

༈ ང་རང་ལོག་ཡོང་།

༈ ང་རང་ལོག་ཡོང་། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
1} ང་གཉིས་བྲལ་བ་ནས། ཁྱེད་ཀྱི་མིག་ཆུ་ང་ཡི་སེམས་ནས་བཞུར།
མིག་ཆུའི་ནང་ནས་ཁྱེད་ཀྱི་ཞལ་རས་མཇལ།
སྙིང་སྡུག་མ། སེམས་འཕྲལ་མ་གནོངས་དང་།
བརྩེ་བ་ལ་ཕ་མཐའ་མེད། ང་ཡི་མི་ཚེ་ཁྱེད་ཀྱི་འགྲམ་ན་ཡོད།

ཀརྨ་པ།

༑ ཀརྨ་པ་།   རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ས་དོག་མོ་འདི་ཡི་ཡང་སྟེང་ན། གཡུ་རལ་ལུས་ལ་རྒྱས་པའི་གངས་སེང་ཞིག
དམར་ཡག་སྟག་གི་མཆེ་བས་མ་ཐུབ་ཅིང་། །འདམ་སེང་སྐྱ་བོའི་སྡེར་མོས་མ་གནོད་པའི།།
ཀརྨ་པ། ཀརྨ་པ། ཀརྨ་པ། ཨོ་རྒྱན་ཕྲིན་ལས་རྡོ་རྗེ།

དཔའ་བོའི་རྗེས་དྲན།

དཔའ་བོའི་རྗེས་དྲན། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
 མེ་མདའི་ཀག་སྒྲ་གྲགས་དུས། གློག་གི་དབྱུག་པས་རྡུང་དུས།
ཁྱེད་ཀྱི་ཟུངས་ཁྲག་ང་ཡི་སེམས་ནས་བཞུར། ང་ཡི་སྙིང་སྲོག་ཁྱེད་དང་མཉམ་དུ་རྨས།
རང་དབང་གི་འབོད་སྒྲ་རེ་རེ། མི་རིགས་ཤིག་གི་རྨི་ལམ་ཡིན།
མནར་གཅོད་ཀྱི་རྨ་ཤུལ་རེ་རེ། ས་ཡ་དྲུག་གི་ན་ཟུག་ཡིན།
རི་ཁ་བ་ཅན་གྱི་དཔལ་རྒོད་ཚོ། ཁྱེད་ཅག་གི་རྣམ་ཤེས་ང་ཡིས་དབྱངས་སུ་འགུགས།
ང་ཡི་དབྱངས་རྟ་ཁྱེད་དང་འདྲེས་གྱུར་ཅིག
  ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲི༔   ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲི༔   ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲི༔

བུ་ཁྱེད་ཀྱི་བསམ་དོན་འགྲུབ་པར་ཤོག །

བུ་ཁྱེད་ཀྱི་བསམ་དོན་འགྲུབ་པར་ཤོག རྩོམ་པ་པོ། སང་རྡོར།
བོད་གངས་ཅན་ཆོས་ཀྱི་ཞིང་ཁམས་ན། 
རྗེ་བླ་མའི་མཛད་ཕྲིན་རྒྱས་ནས་བྱུང་།
ལྷོ་འཛམ་གླིང་ཆོས་འཁོར་ཡང་ཡང་བསྐོར།
་སེམས་ཅན་བདེ་སྐྱིད་ལྡན་པར་ཤོག
གང་སྐུ་ཚེ་ཞབས་པད་བརྟན་པར་ཤོག 

ཀ་ཁའི་གླུ་དབྱངས།

༈ ཀ་ཁའི་གླུ་དབྱངས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཀ་ཁ་ག་ངས་ང་ཚོའི་རུས་པ་གྲུབ་ཡོད།།
ཅ་ཆ་ཇ་ཉས་ང་ཚོའི་ཟུངས་ཁྲག་སྐྱེད་ཡོད།།
ཏ་ཐ་ད་ནས་ང་ཚོའི་མི་ཚེ་བཟོས་ཡོད།།
པ་ཕ་བ་མས་ང་ཚོ་ད་ལྟ་གནས་ཡོད། །
བོད་སྐད་བསྐྱོན་དང་། བོད་ཡིག་སྦྱོངས་དང་།
སྐྱེ་བ་འདི་བོད་རིགས་ཡིན། བོད་མི་རིགས་ཡི་གེ་བོད་ཡིག་རེད།
བོད་སྐད་བསྐྱོན་དང་། བོད་ཡིག་སྦྱོངས་དང་།
མི་ཚེ་འདི་ཕ་མས་བྱིན། དྲིན་ཕ་མའི་སྐད་དེ་བོད་སྐད་རེད།
ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ།

གཞོན་པའི་རོལ་དབྱངས།

གཞོན་པའི་རོལ་དབྱངས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
རི་བོ་མཐོན་པོ་ཇོ་མོ་གླང་མ་སྤྲིན་པའི་མཚམས་ནས་གྱེན་དུ་ལངས་སོང་།།
མེས་པོའི་ལོ་རྒྱུས་ཤུལ་བཞག་རིང་མོ་རྒྱ་མཚོ་ཆེན་པོའི་རླབས་དང་འདྲོགས་སོང་།།
དགྲ་བོའི་མནར་གཅོད་ལུས་ལ་ཐིམ་ནས་རུས་པའི་གཏིང་དུ་ཟུག་གཟེར་རྒྱག་བྱུང་།།
རེ་བ་འབུམ་གྱི་ཕྱིར་མིག་ཀློང་ནས་ང་ཚོ་གཞོན་པས་རུ་དཔུང་སྒྲིག་འགྲོ།

སྐྱོ་གདུང་།

སྐྱོ་གདུང་། རྩོམ་པ་པོ། ཆབ་མདོ་ངག་དབང་ཕུན་ཚོགས།
༄༅།། མདོ་ཁམས་ཀྱི་སྐྱེ་རྒུ་མདོ་ལ།།
ས་ཡོམ་དེ་ཤུགས་ཆེར་བརྒྱབ་སྟེ།།
རང་རིགས་ཀྱི་སྤུན་ཟླ་དུ་མ།།
དུས་མིན་གྱི་རྐྱེན་འདས་ཤོར་སོང༌།།

གང་ན་ཡོད།

གང་ན་ཡོད། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཐང་བདེ་མོ་སེམས་ཀྱི་ཁ་རྒྱ་ཅན། །
ཆུང་བྱིས་པའི་མེ་ཏོག་འཐུ་ས་ཡིན། །
ངས་མེ་ཏོག་བརྒྱན་སའི་སྨན་ཆུང་དེ། །
དུས་དེང་སང་ས་ཕྱོགས་གང་ན་ཡོད། །

བསྐྱུར་ནས་ཐལ།

བསྐྱུར་ནས་ཐལ། རྩོམ་པ་པོ། ཅོ་རི་ཉི་མ།
གཡུ་དྲུག་དཀར་འོ་མའི་ཚོན་མདོག་ཅན།།
སྨན་བུ་མོའི་མགོ་ལ་ལོས་མཛེས་ཀྱང་།།
ཆུང་རྩེད་རའི་ནང་གི་བུ་ཆུང་དེས།།
གཡུ་བུ་མོ་གཉིས་ཀ་བསྐྱུར་ནས་ཐལ།།

ཨ་མར་འབོད་པ།

༈ ཨ་མར་འབོད་པ།  རྩོམ་པ་པོ། གཉན་མདང་ཕོ་ཉ།
༡ ཨ་མ་ལགས། ཨ་མ།
ངས་དྲན་བཞིན་པའི་ཨ་མ།
ཁྱེད་མེད་པའི་ས་མཐར་ནི་སྐྱ་སེང་ངེ་རེད།
སྤྲོ་སྣང་གི་ཁ་དོག་མི་འདུག

ནེའུ་ཡོག་སྐྱིད་ཀི་མ་བསམ།

༈ ནེའུ་ཡོག་སྐྱིད་ཀི་མ་བསམ།
                རྩོམ་པ་པོ། ཨ་རིག་འགྱུར་མེད།
ཨ་རིའི་ནེའུ་ཡོག་སྐྱིད་ཀི་མ་བསམ།།
སྒྲོ་ལོ་ཡོད་ན་ཕྱུག་གི་མ་བསམ།།
དལ་བརྒྱད་འབྱོར་བཅུའི་མི་ལུས་རིན་ཆེན།།
མོ་ཁོམ་གནས་ནས་རྒས་ས་ཡིན་སོང་།།

ཨ་མ་ལ་ཕུལ་བ

༈ ཨ་མ་ལ་ཕུལ་བ། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
 ཨ་མ་ལགས། ཨ་མ། ཨ་མ།
བུ་ཆུང་ས་མཐར་འཁྱམ་སོང་མ་བསམ་དང་།
ཁྱེད་དང་ཁ་ཐག་རིང་སོང་མ་བསམ་དང་།
བུ་ཆུང་གི་སེམས་པ་ནམ་ཡང་ཨ་མའི་པང་ན་ཡོད།

བརྗེད་མེད།

༈ བརྗེད་མེད།
                          རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
མི་ཚེ་མི་ཡུལ་ནས་རྫོགས་ཀྱང་།།
ལྷ་སའི་ཇོ་བོ་དེ་བརྗེད་མེད།།
ཉལ་བའི་རྨི་ལམ་གྱི་ནང་ནས།།
མིག་ཆུའི་མཆོད་པ་རེ་ཕུལ་ཡོད།།

གདོང་དམར་བོད་པ།

གདོང་དམར་བོད་པ།
                 རྩོམ་པ་པོ། གཉན་པོ།
གདོང་དམར་བོད་འདི་བཙན་པོའི་རྒྱུད།།
དཔའ་ངར་བྲེ་སེར་འབྲོང་གི་སྤུན།།
རྟ་དམག་སྟོང་གི་ཟིལ་ཤུགས་ཀྱིས།།
ས་ཆེན་ཁྱོན་ལ་དབང་བསྒྱུར་མྱོང་།།

སེམས་ནང་གི་བུ་མོ།

༈ སེམས་ནང་གི་བུ་མོ།
              རྩོམ་པ་པོ། ལི་ཐང་ངག་དབང་དབྱིག་གཉེན།
ངའི་སྙིང་ཁོང་དུ་འཛུམ་པའི།།
ཡིད་འཕྲོག་སེམས་ཀྱི་ལྷ་མོ།།
རྒྱང་རིང་ཕྱི་གླིང་ཡུལ་ནས།།
བུ་ངས་ཁྱེད་རང་དྲན་སོང་།།

ང་མི་ཡུལ་ལ་འཁྱམ་དུས།

༄།། ང་མི་ཡུལ་ལ་འཁྱམ་དུས།
                         རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཐོག་བརྩེགས་མཐོན་པོའི་རྒྱལ་སར་འགྲིམས་ཀྱང༌།
སྦྲ་ནག་གྲུ་བཞིའི་ཕ་ཁྱིམ་དེ་དྲན་ནས།
སེམས་པ་ཆུང་ཆུང་སྐྱིད་པོ་རང་མི་འདུག
གཞིས་ལུས་ཀྱི་སྤུན་ཟླ་ཚོ།

མ་བཅོས་སེམས་ཀྱི་དྲི་བ།

༈ མ་བཅོས་སེམས་ཀྱི་དྲི་བ།
  རྩོམ་པ་པོ་་་་་་་ཀླུ་སྨྱོན་ལགས།
དབུ་ཡི་སྐྲ་ལོ་རིང་བའི་ང་ཡི་གྲོགས་པོ་ལགས། །
ཁྱེད་རང་དེ་འདྲའི་ཕོ་གསར་རྫིག་མདོག་ཁ་བ་ལ། །
གྲོགས་པོ་ཁྱེད་རང་བོད་པའི་རིགས་རྒྱུད་ཨེ་ཡིན་ལགས། །
གལ་ཏེ་ཡིན་ན་བོད་སྐད་གཙང་མ་ཨེ་ཤེས་ལགས། །

སྤྲིན་པར་བསྐུར་བའི་གདུང་དབྱངས།

༈ སྤྲིན་པར་བསྐུར་བའི་གདུང་དབྱངས།
                      ་རྩོམ་པ་པོ་་་ཀླུ་སྨྱོན་ལགས།
དྲིན་ཅན་ཕ་མ་གངས་རིའི་ལྗོངས་སུ་བཞུགས། །
གཅེས་པའི་བུ་ཆུང་མི་ཡི་ལུང་བར་འཁྱམས། །
ཕ་མའི་བྱམས་བརྩེ་དྲན་ནས་མིག་ཆུ་ཤོར། །
ནམ་ཞིག་ཞལ་རས་མཇལ་བའི་སྨོན་ལམ་འདེབས། །

གངས་རིའི་བུ་མོའི་ལྡེམས་འགྱུར་རེ་རེས།

༈ གངས་རིའི་བུ་མོའི་ལྡེམས་འགྱུར་རེ་རེས།།
                             རྩོམ་པ་པོ། བྲག་མགོ་དཀོན་མཆོག་དར་རྒྱས།
འཛམ་གླིང་མཛེས་མའི་དོ་ཟླ་བྲལ་ཡང་།།
དུས་ངན་གཡོ་ཡི་བག་ཆགས་འགོས་ཚེ།།
བོད་མོ་ཡིན་ཡང་བལྟ་འདོད་མི་འདུག།

ཀ་མད་སུམ་ཅུའི་གླུ་དབྱངས།

༈ ཀ་མད་སུམ་ཅུའི་གླུ་དབྱངས།
                        རྩོམ་པ་པོ། ཨ་ཚོགས་བློ་བྷེ།
གངས་རི་དཀར་པོ་ང་ཚོའི་ལྕགས་རི་ཡིན།།
སྦྲ་ནག་གྲུ་བཞི་ང་ཚོའི་གཞིས་ ཁྱིམ་ཡིན།།
ཀ་ཁ་ག་ང་ང་ཚོའི་སྐད་ཡིག་ཡིན།།
ཅ་ཆ་ཇ་ཉའི་གླུ་དབྱངས་ང་ཚོས་ ལེན།།

གངས་དཀར་པོ།

 གངས་དཀར་པོ། རྩོམ་པ་པོ། འབའ་སྲས།
              ༼༡༽
གངས་དཀར་པོ། གངས་དཀར་པོ།
གངས་དཀར་པོ་ཉི་མ་ཤར་ས་རེད།
གངས་དཀར་པོ་འཇའ་ཚོན་བཀྲ་ས་རེད།
གངས་དཀར་པོ། གངས་དཀར་པོ། གངས་དཀར་པོ་ང་ཡི་ཕ་ཡུལ་རེད།

སྐྱེ་དགུའི་འགྲོ་ཚོགས་ལ་གྱེར་བའི་ངུ་ངག

༈ སྐྱེ་དགུའི་འགྲོ་ཚོགས་ལ་གྱེར་བའི་ངུ་ངག རྩོམ་པ་པོ།གངས་རིའི་གླིང་བུ།
དགུན་གྱི་ཉི་ཟླ་ཟུང་ནུབ་ཞིང་།།
འོག་གི་ས་གཞི་ཡོངས་འཇིག་པས།།
གནས་ས་བརྟེན་ས་རང་མེད་པའི།།
སྐྱེ་དགུ་འགྲོ་ཚོགས་ལ་སྙིང་རྗེ།།

བོད་མིའི་སྐྱིད་སྡུག་མཉམ་མྱོང་།

༆།།བོད་མིའི་སྐྱིད་སྡུག་མཉམ་མྱོང་།། རྩོམ་པ་པོ།ཏྲེའུ་སྐལ་བཟང་།
མིག་དང་རྣ་བ་མེད་པའི་སྔོ་བསངས་འོག།
ལས་དང་རླུང་རྟ་རྒུད་པའི་མི་རིགས་ཤིག།
ཤ་རྐང་རུས་གསུམ་བསེད་པའི་ཆགས་གྲུམ་ནང་།།
བོད་མའི་སྐྱིད་སྡུག་མཉམ་མྱོང་བརྗེད་ཐབས་བྲལ།།

མཛའ་མོ་དྲན་པའི་གླུ་དབྱངས།

༇། །མཛའ་མོ་དྲན་པའི་གླུ་དབྱངས། རྩོམ་པ་པོ།ཏྲེའུ་སྐལ་བཟང་།
མོག་མོག་ཟླ་འོད་འོག་གི། ། དངས་གསལ་ཆུ་ཕྲན་འགྲམ་ནས།།
ང་དང་སྙིང་སྡུག་མཛའ་མོའི། །འདས་སོང་ལོ་ཟླ་དྲན་སོང་།།

སྐྱེ་དགུའི་གོད་ཆག་ལ་ཕུལ་བ།

༈ སྐྱེ་དགུའི་གོད་ཆག་ལ་ཕུལ་བ། རྩོམ་པ་པོ།གནམ་ལྕགས།
རྒྱང་རིང་རྒྱང་རིང་མ་གསུང་།།
རྒྱལ་བ་ཡེ་བཞིན་ནོར་བུའི།།
བྱམས་བརྩེའི་ཕྱག་ཟུང་རིང་མོ།།
གཞིས་ལུས་སྤུན་ཟླར་བསྲིངས་ཡོད།།

རྗེས་དྲན་གྱི་གདུང་དབྱངས།

༄༅། །རྗེས་དྲན་གྱི་གདུང་དབྱངས།རྩོམ་པ་པོ།འཆམ་ར་དྲི་མེད་རྒྱལ་མཚན།
༄། །སེང་དཀར་མོ་འཁོར་ས་གངས་ཀྱི་རི།།
གངས་མེ་ཏོག་བཞད་ས་ཁ་བའི་ལྗོངས།།
ཁྱེད་མེད་པའི་ས་ནག་སྐམ་པོ་ནས།།
སེང་དཀར་མོའི་མིག་མཐའ་མཆིལ་མ་རེད།།
༧བླ་མ་མཁྱེན་ནོ། གྲུབ་དབང་པདྨ་ནོར་བུ་མཁྱེན་ནོ།།

འབྲུག་ཆུ་བ། སྤོབས་པ་བསྐྱེད་ཅིག

འབྲུག་ཆུ་བ། སྤོབས་པ་བསྐྱེད་ཅིག རྩོམ་པ་པོ།ཤ་ཁྲག་རུས་གསུམ།
དུས་ཚིགས་ཀྱི་སྔ་གཞུག་དེར
མི་སེམས་ཀྱི་རྣམ་ཤེས་བསྡུས་པའི་ནངས་མོ་དེར
རིགས་ཞེན་གྱི་ན་ཟུག་གིས་སློང་པའི་ང་ཚོས
གོད་ཆག་ཁྲོད་ཀྱི་འབྲུག་ཆུའི་མི་དམངས་དྲན
སྡུག་ཡུས་ཀྱི་སྨྲེ་བསྔགས་ཐོས

འུར་ལྷང་ལྷང་།

འུར་ལྷང་ལྷང་།རྩོམ་པ་པོ།གཅེན་པོ།
༈ ཚ་དྲོད་འཕེལ་བས་གངས་དཀར་རི་བོའི་དངུལ་ཆུ་འོད་འཚེར་འཚེར།།
རང་དབང་བྲལ་བས་གངས་ཅན་བོད་མིའི་སེམས་པ་གྲང་མེར་མེར།།
ས་མཐར་འཁྱར་བས་རང་ཡུལ་གངས་ཅན་ཡིད་ལ་དྲན་ལྷང་ལྷང་།།
མཉམ་འཛོམ་རེ་བས་དུས་ཀུན་རེ་བའི་གསོལ་འདེབས་འུར་ལྷང་ལྷང་།།

གཙེས་སོང་།

གཞས་མིང་། གཙེས་སོང་། རྩོམ་པ་པོ། རྨེའུ་དཀོན་རྒྱམ།
 ༡༽ ཉི་མ་སེར་བོའི་འོད་ཀྱིས། །
འཛམ་གླིང་བསྐོར་བ་རྒྱབ་དུས། །
ཉི་འོད་མེད་པའི་མཐོ་སྒང༌། །
གྲང་རླུང་བཙན་པོས་གཙེས་སོང༌། །

རྒྱང་རིང་གི་སྙིང་སྡུག་ལ་ཕུལ་བ།

རྒྱང་རིང་གི་སྙིང་སྡུག་ལ་ཕུལ་བ།རྩོམ་པ་པོ།བྲག་གཡབ་ཚེ་དབང་མཐར་ཕྱིན།
སྙིང་སྡུག་བྱིའུ་ཆུང་འཇོལ་མོའི། །
གསུང་སྐད་ཚངས་པའི་གསུང་དབྱངས། །
མ་ཐོས་ཞག་གསུམ་དེ་ནི། །
ལོ་གསུམ་ལས་ཀྱང་རིང་བ།

རྒྱང་རིང་གི་མཛའ་མོ།

རྒྱང་རིང་གི་མཛའ་མོ།རྩོམ་པ་པོ། ཁ་སྒང་བསམ་གཏན་རྒྱ་མཚོ།
 མ་མཇལ་རྒྱང་རིང་གི་མཛའ་མོ།
དྭངས་གསལ་མཚོ་ངོགས་ཀྱི་ཟླ་བ།
ཟླ་བར་འོད་ཁ་དེ་མེད་ཀྱང་།
མཛའ་མོ་བདག་སེམས་ནས་འོད་འཚེར་འཚེར།

གྱེས་གདུང་།

གྱེས་གདུང་།རྩོམ་པ་པོ། འབའ་སྲས
                      ༼༡༽
རི་ཚོགས་དང་མཆི་མས་བདག་གི་མིག་མཐའ་བརླན།
གྱེས་གདུང་གི་རལ་གྲིས་བདག་ཡིད་ལན་བརྒྱར་གཤགས།

ཡེ་ཤེས་མཚོ་མོ།

༈ ཡེ་ཤེས་མཚོ་མོ།རྩོམ་པ་པོ།བུ་སྡུག་ཇོ་རུ།
 ལྡེམ་ལྡེམ་དུ་བསྐྱོད་ཀྱིན།
ཞབས་བྲོ་ལ་ཞུགས་དང་།
དོ་དགོང་གི་སྤྲོ་འཚོགས་འདི་ང་དང་ཁྱེད་ཀྱི་ཆེད་དུ་ཡིན།
དེ་རིང་གི་ཞབས་བྲོ་འདི་མ་འོངས་པའི་དྲན་རྟེན་ཆེད་དུ་ཡིན།
བུ་མོ་ལགས། ཡེ་ཤེས་མཚོ་མོ། ཡེ་ཤེས་མཚོ་མོ།

གླུ་མ་ཚེ་དབང་ལྷ་མོར་ཕུལ་བ།

ཚེ་དབང་ལྷ་མོར་ཕུལ་བ། རྩོམ་པ་པོ། བསྟན་འཛིན།
ཁྱེད་རང་དྲན་པའི་་་་་་་་མིག་ཆུ་འདི་ཅི་འདྲའི་གྲང་ཨང་།
ཁྱེད་རང་དྲན་པའི་་་་་་་བརྩེ་སེམས་འདི་ཅི་འདྲའི་ཚ་ཨང་།
ཚ་གྲང་གི་དཀའ་སྡུག་བརྒྱུད་པའི་གོ་རིམ་བར་ནས།
གཏན་དུ་ཁྱེད་ཉིད་བརྗེད་མི་སྲིད་པའི་བདེན་དབང་བྱུང་།

ལང་ཚོ་འབར་བྱུང་།

ལང་ཚོ་འབར་བྱུང་། རྩོམ་པ་པོ། མི་ཉག་གངས་ཟླ།
ལུས་ལང་ཚོའི་དཔྱིད་དཔལ་འདི་ལྟར་འབར་ཞིང་།།
ངག་འབོད་བརྡས་གནམ་སའི་ཡོད་ཚད་འགུག་དུས།།
ཐུགས་རེ་བའི་འདུན་པ་སུ་ལ་གཏད་ཡོད།།

དགྲ་བོ་རྒྱ་དམར་ཡིན།

དགྲ་བོ་རྒྱ་དམར་ཡིན། རྩོམ་པ་པོ། བུ་སྡུག་ཇོ་རུ།
གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་ལོར།
རང་ཡུལ་འཕྲོགས་ཏེ། རང་རིགས་བསད་ནས། གངས་ཅན་བོད་ཀྱི་དགྲ་བོ་རྒྱ་དམར་ཡིན།
ཨ་མྱེ་དང་ཨ་ཕྱི་མེ་མདས་བསད་ནས། ཨ་ཕ་དང་ཨ་མ་བཙོན་དུ་བཅུག་སྟེ།
ང་དང་སྲིང་མོ་མི་ཡུལ་བྲོས་དགོས་བྱུང་།
ལོ་དང་ཟླ་བ་རྫོགས་ནས། དབྱར་དགུན་སྟོན་དཔྱིད་བརྗེས་ཀྱང་།
ལོ་རྒྱུས་རི་མོ་ང་ཡི་ཁོག་ན་གསལ། ཞེ་འཁོན་སྙིང་ནད་ནམ་ཡང་བརྗེད་ཀྱིན་མེད།

མཉམ་འབྲེལ་རྒྱལ་ཚོགས་འབོད་པ།

མཉམ་འབྲེལ་རྒྱལ་ཚོགས་འབོད་པ། རྩོམ་པ་པོ། བུ་སྡུག་ཇོ་རུ།
མཉམ་འབྲེལ་རྒྱལ་ཚོགས། མཉམ་འབྲེལ་རྒྱལ་ཚོགས།
མིག་བཙུམ་ནས་མ་འདུག་མཉམ་འབྲེལ་རྒྱལ་ཚོགས།
རྣ་བ་བཀབ་ནས་མ་འདུག་མཉམ་འབྲེལ་རྒྱལ་ཚོགས།
ཁྲིམས་ལུགས་ལ་ཞིབ་བཤེར་བྱོས།
མི་མང་ལ་འགན་ཁུར་གྱིས།

འགྲོ

འགྲོ། རྩོམ་པ་པོ། མྱི་ལྟིག
དམར་གསོད་མཚོན་ཆའི་འཇབ་རྒོལ་འོག་ནས་ཞི་བདེའི་མཁའ་དབུགས་རྔུབ་ཏུ་འགྲོ།
ལར་ཞེན་དཔའ་བོའི་གད་རྒྱངས་ཀློང་ནས་འཕག་འཚག་འོ་དོད་འབོད་དུ་འགྲོ།
ལོ་ཟླ་སྐྱ་མོའི་ཆག་གྲུམ་གསེབ་ནས་ཕོ་བྲང་དམར་པོ་སྲུང་དུ་འགྲོ།
གདུང་ཡུས་ལྕི་མོའི་ཕམ་ཉེས་ཀློང་ནས་སྐྱོ་གདུང་གླུ་གཞས་གཏོང་དུ་འགྲོ།

ལས་དབང་།

ལས་དབང་། རྩོམ་པ་པོ། དོལ་སྨྱོན།
 ང་ཡི་གཡུ་ཆུང་ཁྱོད་ཀྱི་ལག་ཏུ་བཞག།།
 ཁྱོད་ཀྱིས་གཡུ་ཆུང་གཙང་པོའི་ནང་དུ་གཡུགས།།
 ག་ལེར་ག་ལེར་རྒྱ་མཚོའི་ཀློང་དུ་འཐིམ།།
 ཨེ་མ་བུ་ཆུང་ང་ཡི་ལས་དབང་འདི།།

མིག་ཆུའི་ཀློང་གི་དབྱངས་རྟ།

༈ མིག་ཆུའི་ཀློང་གི་དབྱངས་རྟ། རྩོམ་པ་པོ། འབྲོང་དར་རྒྱས།

རང་བྱུང་ཁོར་ཡུག་བཙན་པོའི་ཤེད་ཀྱིས་བཅོམས།།
རིན་ཆེན་གཏེར་མཛོད་ཕངས་མེད་ཇག་པས་འཁྱེར།།
འབྱུང་གཞིའི་མཐུན་སྦྱོར་འཁྲུགས་པའི་མཇུག་འབྲས་དེས།།
ཁ་བ་བོད་པ་ཚང་ལ་གོད་ཆག་བསླངས།།

སེམས་ཀྱི་རེ་སྨོན།

༈ སེམས་ཀྱི་རེ་སྨོན། རྩོམ་པ་པོ། ཁ་སྒང་བསམ་གཏན་རྒྱ་མཚོ།

ངའི་བླ་མའི་དགུང་ལོ་ཇེ་བགྲེས་རེད།།
ང་བླ་མ་དད་པ་ཇེ་ཆེ་རེད།།
ངའི་རྩ་བའི་བླ་མ་ཐུགས་རྗེ་ཅན།།
སྐུ་ཡུན་རིང་བཞུགས་པའི་སྨོན་ལམ་འདེབས།།

མི་རིགས་ཀྱི་བླ་སྲོག

༈ མི་རིགས་ཀྱི་བླ་སྲོག རྩོམ་པ་པོ། ལྷ་ཐོག་རོ་ལངས།
སྙིང་སྟོབས་ཅན་གྱི་སྤུན་ཟླ་ཚོ།།
མེས་པོའི་སྐད་ཡིག་རྒྱུད་འཛིན་གྱིས།།
སྐད་ཡིག་མེད་པའི་མི་རིགས་དེ།།
རྣམ་ཤེས་མེད་པའི་མི་རིགས་ཡིན།།

གངས་རི།

གངས་རི།       རྩོམ་པ་པོ། རས་པ་ལགས། 

གནམ་སྔོན་མཐའ་ཡི་ཤེལ་གྱི་མཆོད་རྟེན།
སྙིང་སྟོབས་ཀྱི་བྱུང་བ་གསལ་བའི་མེ་ལོང་དཀར་པོ།
ཁེངས་ལོག་གི་གཏམ་རྒྱུད་སྦས་པའི་སྲིད་པའི་ཡིག་ཚང་།
ང་ཡི་འཁོར་བའི་མཐའ་ན་གངས་རི་ལགས།

ཆུང་འདྲིས་བྱམས་པ།

༈ ཆུང་འདྲིས་བྱམས་པ།  རྩོམ་པ་པོ།  འབའ་པ་སྐལ་བཟང་འཕྲིན་ལས།
༡༽
མེ་ཏོག་ལྡུམ་རའི་ནང་ལ།
མེ་ཏོག་འདྲ་མིན་སྣ་ཚོགས།།
ང་ཡི་ཆུང་འདྲིས་བྱམས་པ།
མཛེས་པའི་པདྨ་དཀར་པོ།།

ཕ་ཡུལ་དང་ཕ་མ།

ཕ་ཡུལ་དང་ཕ་མ། རྩོམ་པ་པོ། གནམ་ལྕགས།
གནམ་སྔོན་པོ་འདི་ཡི་འདབས་རོལ་ན།།
ས་དོག་མོ་འདི་ཡི་ཡང་སྟེང་ན།།
གནས་སྐྱིད་པོ་ས་ལའི་སྨན་ལྗོངས་ཡོད།།
ཡུལ་དེ་ནི་ང་ཡི་ཕ་ཡུལ་ཡིན།།

ལང་ཚོའི་གླུ་གཞས།

 ༈ ལང་ཚོའི་གླུ་གཞས།    རྩོམ་པ་པོ་་་་ཀླུ་སྨྱོན་ལགས།
དཔྱིད་ཀྱི་དཔལ་ཡོན་དལ་བུར་ས་གཞིའི་ཕང་བར་བསླེབས། 
སྤྲིན་པ་དཀར་པོ་ག་ལེར་ནམ་མཁའི་དབྱིངས་སུ་འཕྱུར། 
འཇིག་རྟེན་འདི་ཡི་བདེ་སྐྱིད་བུ་མོའི་བཞིན་རས་འདྲ། 
གཞོན་པའི་བརྩེ་བ་འགོག་ཐབས་མེད་པར་ཁྱེད་ལ་ཤོར། 

ང་བོད་པའི་བུ་ཡིས་བོད་ཡིག་སྦྱོང་།

༈ ང་བོད་པའི་བུ་ཡིས་བོད་ཡིག་སྦྱོང༌། སྐལ་བཟང་ཉི་མ།
༈ ངའི་ཕ་རྒན་སྤྲེའུས་ཀ་ཞེས་བོས།།
ངའི་མ་རྒན་སྲིན་མོས་ཨ་ཞེས་གསུངས།།
ངའི་ཕ་མ་གཉིས་ཀྱི་གླུ་སྐད་ཡིན།།
ང་བོད་པའི་བུ་ཡིས་བོད་ཡིག་སྦྱོང༌།།

བསྟོད་ཚིག་མེ་ཏོག་གི་ཆུན་པོ།

༈ བསྟོད་ཚིག་མེ་ཏོག་ཆུན་པོ།          རྩོམ་པ་པོ། བྲག་གཡབ་ཚེ་དབང་མཐར་ཕྱིན།
 གྲངས་མེད་ཀྱི་ཐུགས་བསྐྱེད་དམ་བཅའ་མཐུས། །
ཤར་ཕྱོགས་ཀྱི་གསེར་ལྡན་རྒན་མོ་རུ། །
གཟི་འོད་ཀྱི་ཉི་མ་ཚུར་ཤར་བས། །
དམངས་གཙོ་ཡི་འོད་སྣང་མཁའ་རུ་འཕྲོ། །

བུ་མོ་སྒྲོལ་མ།

༈ བུ་མོ་སྒྲོལ་མ།     རྩོམ་པ་པོ། ཁ་སྒང་བསམ་གཏན་རྒྱ་མཚོ།
བུ་མོ་སྒྲོལ་མའི་ལང་ཚོ་གངས་ཡིན།།
གངས་ལྷ་མེ་ཏོག་འདབ་མ་བཀྲ་ཡོད།།
མཛེས་པའི་འདབ་མ་རླུང་ལ་མ་བསྐུར།།
རྒྱང་རིང་སྙིང་གི་བྱམས་པར་སྒུག་ཡོད།།

ཕྱི་རྐྱེན།

ཕྱི་རྐྱེན། རྩོམ་པ་པོ། རྨེའུ་དཀོན་རྒྱམ།
༡༽ ས་ཆ་དུམ་བུར་བཅད་དེ། །
རིགས་མཐུན་སྤུན་ཟླའི་བར་ལ། །
ལྕགས་རྭ་བཙན་གྱིས་འཐེན་པས། །
ནང་དམེ་འཁྲུག་རྩོད་མང་གི །

ཆོལ་ཀ་གསུམ་གྱི་སྤུན་ཟླ།

༈ ཆོལ་ཁ་གསུམ་གྱི་སྤུན་ཟླ།       རྩོམ་པ་པོ། ཁ་སྒང་བསམ་གཏན་རྒྱ་མཚོ།
ཆོལ་ཁ་གསུམ་གྱི་སྤུན་ཟླ།།
འཁྲུངས་སའི་ཡུལ་གྲུ་གཅིག་རེད།།
འཚོ་བའི་གཞི་རྟེན་གཅིག་རེད།།
ཡུལ་དང་གོམས་སྲོལ་གཅིག་རེད།།
ང་ཚོ་ཚང་མ་སྤུན་རེད།།

ཡོན་ཏན་པ།

ཡོན་ཏན་པ།              རྩོམ་པ་པོ། རྨེའུ་དཀོན་རྒྱམ།
༡༽ བྱ་དངོས་གནས་ཚུལ་གང་ལ། །
ཤེས་ཚད་མཐོན་པོའི་ཐོག་ནས། །
ཞིབ་འཇུག་གཏིང་ཟབ་དགོས་པ། །
ཡོན་ཏན་པ་ཡི་ཁྱད་ཆོས། །

མཚན་གུང་གི་མཛའ་གཞས།

༈ མཚན་གུང་གི་མཛའ་གཞས། རྩམ་པ་པོ། ཁ་སྒང་བསམ་གཏན་རྒྱ་མཚོ།
༈ དཀར་གསལ་ཟླ་འོད་མཚོ་ལ་བཏབ་པས།།
མེ་ཏོག་ཆུང་ཆུང་འཛུམ་ཁ་ཕྱེས་སོང་།།
ང་དང་ཞེ་མཐུན་གངས་དཀར་སྒྲོལ་མའི།།
སྔོན་གྱི་ལས་འཕྲོ་ད་དུང་ལྷག་ཡོད།།

ཤེས་རིག

༈ ཤེས་རིག     རྩོམ་པ་པོ། སེར་ཤུལ་རིན་ཆེན་དོན་གྲུབ།
༈ ཤེས་རིག་འཛམ་གླིང་ལ་ལྟ་བའི་མིག་ཟུང་ཡིན།
ཤེས་རིག་གཏན་བདེ་སྒྲུབ་པའི་ཐབས་མཆོག་ཡིན།
དུས་རབས་གསར་བའི་གཞོན་སྐྱེས་ཚོ།
ཤེས་རིག་སློབ་དུ་ཕེབས་དང་
ང་ཚོའི་མདུན་ལམ་ལ་གཟི་འོད་འཕྲོ་ངེས།