མཐུན་སྒྲིལ།

༄༅། ། མཐུན་སྒྲིལ། རྩོམ་པ་པོ། ཚིག་མུ་ལ།
སྟོན་པ་གཅིག་ལས་ཆད་པའི།།
གྲུབ་མཐའ་སོ་སོའི་བར་ལ།།
ཕྱོགས་ཞེན་ཆགས་སྡང་མ་བྱེད།།
མཐུན་སྒྲིལ་ཨ་ལོང་དམ་དགོས།།


ཤ་རུས་གཅིག་ལས་ཆད་པའི།།
ཆོལ་ཁ་གསུམ་གྱི་བར་ལ།།
ནང་དམེ་འཐབ་རྩོད་མ་བྱེད།།
མཐུན་སྒྲིལ་ཨ་ལོང་དམ་དགོས།།

གོང་མས་བཞག་པའི་ཕ་ནོར།།
སུ་དང་གང་ལ་མ་སྐུར།།
སྐད་ཡིག་རིག་པའི་བང་མཛོད།།
ཁྱོད་དང་ང་ཡི་སྙིང་ཡིན།།

No comments:

Post a Comment