གངས་རིའི་བུ་མོའི་ལྡེམས་འགྱུར་རེ་རེས།

༈ གངས་རིའི་བུ་མོའི་ལྡེམས་འགྱུར་རེ་རེས།།
                             རྩོམ་པ་པོ། བྲག་མགོ་དཀོན་མཆོག་དར་རྒྱས།
འཛམ་གླིང་མཛེས་མའི་དོ་ཟླ་བྲལ་ཡང་།།
དུས་ངན་གཡོ་ཡི་བག་ཆགས་འགོས་ཚེ།།
བོད་མོ་ཡིན་ཡང་བལྟ་འདོད་མི་འདུག།

གངས་ཅན་དཔའ་མོའི་རིགས་རྒྱུད་ཡིན་ན།།
ངང་རྒྱུད་གཤིས་བཟང་བལ་ལས་འཇམ་ཡང་།།
མགོ་བདེ་དྲན་འཁྲུལ་གཞན་གྱིས་སླད་ན།།
ཚངས་སྲས་ཡིན་ཡང་མཁོ་ས་མ་རེད།།

ཁ་བའི་བུ་མོའི་འཛུམ་མདངས་ལན་གཅིག།
ས་ཆེན་འབྱོར་བས་ཉོ་ཐབས་བྲལ་ཡང་།།
དེང་རབས་བུ་མོའི་བསླུ་བྲིད་ལྡན་ན།།
ལྷ་མོ་ཡིན་ཡང་དགོས་དོགས་མི་འདུག།

མཐོ་སྒང་བུ་མོ་ཤིན་ཏུ་མཛེས་པའི།།
ལྷ་ཆེན་ཚངས་པས་རྙེད་ཐབས་བྲལ་ཡང་།།
སྒོར་མོས་བསླུས་པའི་ར་མ་ལུག་ཏེ།།
ཀླུ་མོ་ཡིན་ཡང་དགའ་ས་མ་རེད།།

No comments:

Post a Comment