༣ པར་མཛོད། ཁ་བའི་རོལ་དབྱངས།



བཙན་བྱོལ་ནང་གི་གྲགས་ཅན་གཞས་པ་ཚེ་རིང་འགྱུར་མེད་ལགས།
གླུ་མ་དབྱངས་ཅན་ལྷ་མོ་དང་། གླུ་པ་ཀུན་དགའ་དང་། བཅིངས་གྲོལ་སྒྲོལ་མ་བཅས། 
གངས་ལྗོངས་གླུ་པའི་རྗེ་བོ་གཡའ་དངས་ལགས། 
བཙན་བྱོལ་ནང་གི་ན་གཞོན་གླུ་པ་འགྱུར་མེད་བསྟན་འཛིན། 

གསར་འགོད་པ་དང་གླུ་མ་ལྷ་མོ་ལགས།
གྲགས་ཅན་གླུ་མ་རིག་འཛིན་སྒྲོལ་མ། 
གྲགས་ཅན་གླུ་པ་ཚེ་དབང་དང་ཀུན་དགའ་ཕུན་ཚོགས།  
གྲགས་ཅན་གླུ་པ་གངས་ཅན་པ་སྒྲོལ་མ་སྐྱབས།
གྲགས་ཅན་གླུ་མ། དར་མཚོ་དང་ལྷ་སྐྱིད།  
གངས་ལྗོངས་གླུ་པའི་རྗེ་བོ་ཡབ་སྲས་གཉིས། 
ཕ་ཡུལ་དག་པའི་ཞིང་ཡིན། བོད་ཀྱི་ཡུལ་ལྗོངས།

10 comments:

  1. very nice blog

    ReplyDelete
  2. གྲོགས་པོ་ལགས། གླུ་པ་ཀུན་དགའ་དང་གླུ་མ་དབྱངས་ཅན་ལྷ་མོ། ཕུལ་བྱུང་སྒྲོལ་མ་བཅས། ཟེར་བ་དེ་ནོར་མི་འདུག་གམ། དབྱངས་ཅན་ལྷ་མོ་དང་། ཀུན་དགའ། བཅིངས་གྲོལ་སྒྲོལ་མ་བཅས་མ་རེད་དམ།

    ReplyDelete
  3. དགེ་བཤེས་ལགས། འདིར་ཕེབས་པར་དགའ་བསུ་དང་། ནོར་བཅོས་གནང་བར་ཁ་དྲོ་ཞུ། གུས་པ་གཞས་པ་གཞས་མ་དག་གི་མིང་གི་སྐོར་ནས་དེ་ཙམ་ངེས་ཆ་མེད་པས་དེ་ལུགས་ཡིན་ངེས། ད་ལྟ་ནོར་བཅོས་ཞུ་ངེས་ཡིན་ལགས།

    ReplyDelete
  4. སྐད་ཡིག་ལ་སྨན་པའི་བྱ་བཞག་འདིར་ཡི་རང་ཡོད། མུ་དེ་ནམ་ཡང་མ་བསྡུ་རོགས།

    ReplyDelete
  5. ད་དུང་ལ་རྒྱ་ཡི་གླུ་པ་ཤེར་བསྟན་མི་འདུག་པས་དངོས་གནས་ཡིད་ཕམ་དགོས་པ་ཞིག་བྱུང། ད་དུང་དེའི་ནང་གླུ་པ་ཡག་བ་མང་པོ་མི་འདུག། གཡག་དྭངས་དང་ཀུན་དགའ་གཉིས་མི་མགོ་བདེ་མོ་ཞིག་རེད།

    ReplyDelete
  6. དགེ་འདུན་ལགས། ཁྱེད་ཀྱིས་ཁྱོད་རང་དེ་རིང་ཐེངས་གཅིག་ཡོང་དུས་མེད་པའི་རྒྱུ་མཚན་དུ་བྱས་ནས་མ་གསུང་དང་། ངས་དེ་སྔོན་ཤེར་བསྟན་གྱི་པར་འདྲ་ཞིག་བཞག་ཡོད་མོད། ཉེ་ཆར་ནས་འདྲ་པར་དག་བརྗེ་ལེན་བྱེད་ཀྱིན་པའི་སྒང་ཡིན། སྤྱིར་བཏང་གླུ་པ་ཡོད་ཚད་པོ་འདིའི་ནང་ཤོང་དགོས་པའི་གནས་ལུགས་ཀྱང་མི་འདུག་དྲན། དེ་བཞིན་དྲ་བ་འདིའི་དམིགས་ཡུལ་ཡང་གླུ་བ་ཚང་མའི་པར་འགོད་ཨེ་ཐུབ་ལྟ་རྒྱུ་དེ་མིན་པ། ལོས་མཁྱེན། འོན་ཀྱང་རྒྱུ་སྤུས་བཟང་བའི་པར་ཐོབ་རིམ་ལྟར་འགོད་ཀྱིན་པའི་སྒང་ཡིན་ཞུ། དེ་བཞིན་དྲག་པོའི་མཚོན་ཆའི་འོག་ནས་ང་ཚོས་སྐྱོབ་མ་ཐུབ་ནས་ལུས་ཡོད་པའི་གཞིས་ནང་གི་སྤུན་ཟླ་ཚོ་ལ་ཁ་ཡོར་ཡོར་བྱས་ནས་བཤད་ཀྱིན་པ་ལྟར། འདི་གཞས་ཚིག་ཅིག་བྲིས་ནས་བསྐུར་ཤོག་དང་། དེ་དུས་ཁ་དང་ལག་པ་གཉིས་ལ་རིང་ཐུང་འདུག་གམ་མི་འདུག་ལྟའོ།

    མི་མགོ་བདེ་མིན་གྱི་སྐད་ཆ་བཤད་བྱེད་ཀྱི་ཀུན་སློང་དེ་ཚོའང་མགོ་བདེ་མོ་མིན་པའི་རྒྱུ་མཚན་མི་འདུག་པས། རྗེས་ཕྱོགས་ས་འདིར་སླེབས་ནས་གཞིས་ནང་གི་སྤུན་ཟླ་ཚོར་ཁ་གཏོང་རྒྱུ་དེ་ཞོག བོད་ཀྱི་གཞས་ཚིག་དྲ་བའི་དོ་དམ་པས།

    ReplyDelete
  7. གལ་ཏེ་སྐྱེས་བུ་སུ་ཞིག་གིས་རྣམ་དཔྱོད་ཀྱི་རྩལ་ལས་འབུས་པའི་གཞས་ཚིག་གི་དྲ་རྒྱ་འདི་གསར་གཏོད་བྱས་པ་ཡིན་ན་དེ་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས་སླད་ཕྱིན་དྲ་རྒྱ་འདིའི་དགེ་ཕནན་ལ་སྟོས་ནས་བཙན་བྱོལ་ནང་གི་གཞས་ཚིག་རིན་ཐང་ཡོད་པ་ཤ་སྟག་འབྱུང་བའི་སྨོན་འདུན་གྲངས་མེད་ཞུ།

    ReplyDelete
  8. དབང་སྟོབས09/09/2013, 02:28

    བོད་ཀྱི་གཞས་ཚིག་དྲ་བའི་དོ་དམ་པ་ལ་སྙིང་དབུས་ནས་སྔགས་བརྗོད་ཡོད། བཀྲ་ཤིས་བདེ་ལེགས

    ReplyDelete
  9. དབང་སྟོབས་དང་། རྣམ་པ་ཚོ་ཕེབས་ནས་ལེགས་སོ་གནང་པར་ཐུགས་རྗེ་ཆེ་ཞུ།

    ReplyDelete
  10. ནོ་ཝེལ་སྟོད་དབྱངས་ཀྱི་གཞས་ཚིག་མི་འདུག

    ReplyDelete