དགྲ་བོ་རྒྱ་དམར་ཡིན།

དགྲ་བོ་རྒྱ་དམར་ཡིན། རྩོམ་པ་པོ། བུ་སྡུག་ཇོ་རུ།
གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་ལོར།
རང་ཡུལ་འཕྲོགས་ཏེ། རང་རིགས་བསད་ནས། གངས་ཅན་བོད་ཀྱི་དགྲ་བོ་རྒྱ་དམར་ཡིན།
ཨ་མྱེ་དང་ཨ་ཕྱི་མེ་མདས་བསད་ནས། ཨ་ཕ་དང་ཨ་མ་བཙོན་དུ་བཅུག་སྟེ།
ང་དང་སྲིང་མོ་མི་ཡུལ་བྲོས་དགོས་བྱུང་།
ལོ་དང་ཟླ་བ་རྫོགས་ནས། དབྱར་དགུན་སྟོན་དཔྱིད་བརྗེས་ཀྱང་།
ལོ་རྒྱུས་རི་མོ་ང་ཡི་ཁོག་ན་གསལ། ཞེ་འཁོན་སྙིང་ནད་ནམ་ཡང་བརྗེད་ཀྱིན་མེད།

 ཉིས་སྟོང་བརྒྱ་མེད་བཅུ་མེད་བརྒྱད་ཀྱི་ལོར།
ཐོང་ཐང་འཕྲོགས་ཏེ། བོད་རིགས་བསད་ནས། མགོ་ནག་མི་ཡི་དགྲ་བོ་རྒྱ་དམར་ཡིན།
ཤ་ཉེ་དང་སྲིང་མོ་མེ་མདས་བསད་ནས། །གྲོགས་པོ་དང་གྲོགས་མོ་བཙོན་དུ་བཅུག་སྟེ།
ང་དང་སློབ་གྲོགས་མི་ཡུལ་བྲོས་དགོས་བྱུང་།
ལོ་དང་ཟླ་བ་རྫོགས་ནས། དབྱར་དགུན་སྟོན་དཔྱིད་བརྗེས་ཀྱང་།
ལོ་རྒྱུས་རི་མོ་ང་ཡི་ཁོག་ན་གསལ། ཞེ་འཁོན་སྙིང་ནད་ནམ་ཡང་བརྗེད་ཀྱིན་མེད།

ཉིས་སྟོང་བརྒྱ་མེད་བཅུ་གཅིག་བཅུ་གཉིས་ལོར།
རང་དབང་འཕྲོགས་ཏེ། དམར་གསོད་བྱས་ནས། གདོང་དམར་བོད་ཀྱི་དགྲ་བོ་རྒྱ་དམར་ཡིན།
ཚ་བོ་དང་ཚ་མོས་རང་ལུས་བསྲེགས་ནས། །སྡུག་བསྔལ་དང་རེ་འབོད་ཡི་གེར་བྲིས་ཏེ།
ང་དང་བོད་མི་ཡོངས་་ལ་ཞལ་ཆེམས་བཞག་བྱུང་།
ལོ་དང་ཟླ་བ་རྫོགས་ནས། དབྱར་དགུན་སྟོན་དཔྱིད་བརྗེས་ཀྱང་།
ལོ་རྒྱུས་རི་མོ་ང་ཡི་ཁོག་ན་གསལ། ཞེ་འཁོན་སྙིང་ནད་ནམ་ཡང་བརྗེད་ཀྱིན་མེད།

2 comments:

  1. གཞས་འདི་ཡོད་སའི་འོད་སྡེར་གྱི་མིང་ལ་ཅི་དང་གཏོང་མཁན་སུ་ཡིན་ནམ། ནང་དོན་འདི་བདག་གིས་འཚོལ་བཞིན་པ་དང་ཤིན་ཏུ་མཐུན་པས། ཨ་ལན་ཡོད་པ་ཞུ། ཁ་དྲོ།

    ReplyDelete
  2. འདིར་ཡོད་པའི་གཞས་ཚིག་དག་གཞན་གྱིས་སྤྱད་ཟིན་པ་དེ་འདྲ་མིན། གལ་སྲིད་སྤྱད་ཟིན་པ་ཞིག་ཚེ་གཞས་ཚེའི་དེའི་འོག་ཏུ་སྤྱད་ཟིན་པའི་གསལ་འདེབས་ཡོད་ངེས་ཡིན། གང་ལྟར་གཞས་ཚིག་འདི་དེ་སྔོན་སུས་ཀྱང་སྤྱོད་མེད་པར་དགོངས་འཇག་ཞུ། དེ་བཞིན་འདི་ཡོད་ཀྱི་གཞས་ཚིག་གསར་པ་ཁག་སུས་ཀྱང་རིན་མེད་ཐོག་སྤྱོད་ཆོག་ལ། གལ་སྲིད་སྤྱོད་འདོད་ཚེ་དེ་ལུགས་ཟུར་གྱི་གསལ་བཤད་ལྟར་བརྡ་ལན་ཞིག་ཅིས་ཀྱང་དགོས། ཞེས་དོ་དམ་པས།

    ReplyDelete