ལྷ་ཡུལ་མིན་པའི་དབོན་པོ་སྟོད།

༄།། ལྷ་ཡུལ་མིན་པའི་དབོན་པོ་སྟོད། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
གཡུ་དྲུག་དཀར་ལེབ་ལེབ་བྱས་ནས་ས་ལ་འདིང་ཡོད།།
རྩི་མེ་ཏོག་རུབ་རུབ་བྱས་ནས་ཐང་ལ་བཀྲམ་ཡོད།།
སྨན་བུ་མོ་མཛེས་མཛེས་བཟོས་ནས་སྤང་ཁར་མངག་ཡོད།།
ལྷ་ལྷ་མོའི་ཞིང་ཁམས་མ་རེད་དབོན་པོ་སྟོད་རེད།།

ཤེལ་དཀར་པོའི་མཆོད་རྟེན་བཟོས་ནས་རི་མགོར་གཤམ་ཡོད།།
གངས་དཀར་པོར་རྩེ་མོ་བཏོད་ནས་གནམ་ལ་བཙུགས་ཡོད།།
སྟག་ཤ་ར་རྫིག་རྫིག་བྱས་ནས་རྫ་འདབས་བཏང་ཡོད།།
མི་མིན་པའི་ས་ཆ་མ་རེད་དབོན་པོ་སྟོད་རེད།།

རྟ་ནོར་ལུག་རི་རྒྱག་བྱས་ནས་ལ་ལུང་བཀང་ཡོད།།
འབྲུ་སྣ་ལྔའི་འཕེལ་ཁ་རྒྱས་ནས་བང་མཛོད་ཁེངས་ཡོད།།
དྲིན་ཕ་མ་བྱམས་བྱམས་བྱས་ནས་ཆོས་རྭར་མངག་ཡོད།།
གཡང་ཛམ་བྷ་ལྷའི་སྒོ་ར་མ་རེད་དབོན་པོ་སྟོད་རེད།།

༢༠༡༧/༡༡/༧ ཕ་ཡུལ་སྡེ་དགེ་དབོན་པོ་སྟོད་ཀྱི་འདྲ་པར་ཞིག་ལ་ལྟ་ཞོར།

No comments:

Post a comment