ནེའུ་ཡོག་སྐྱིད་ཀི་མ་བསམ།

༈ ནེའུ་ཡོག་སྐྱིད་ཀི་མ་བསམ།
                རྩོམ་པ་པོ། ཨ་རིག་འགྱུར་མེད།
ཨ་རིའི་ནེའུ་ཡོག་སྐྱིད་ཀི་མ་བསམ།།
སྒྲོ་ལོ་ཡོད་ན་ཕྱུག་གི་མ་བསམ།།
དལ་བརྒྱད་འབྱོར་བཅུའི་མི་ལུས་རིན་ཆེན།།
མོ་ཁོམ་གནས་ནས་རྒས་ས་ཡིན་སོང་།།

རྒྱ་གར་དྷ་ས་སྡུག་གི་མ་བསམ།།
རྒྱུ་དངོས་མེད་ན་སྐྱོ་གི་མ་བསམ།།
སངས་རྒྱས་དངོས་ཀྱིས་བྱིན་གྱིས་རླབས་པའི།།
ཚེ་འདིའི་སྒྲིབ་སྦྱོང་བྱེད་ས་ཡིན་སོང་།།

 གནས་མཆོག་ལྷ་ས་ཐག་རིང་མ་བསམ།།
གནའ་བོའི་གཟི་མདངས་ཉམས་སོང་མ་བསམ།།
ལོ་དང་ཟླ་བའི་འགྲོས་དང་བསྟུན་ནས།།
གཞིས་བྱེས་ལྷ་འཛོམས་ཡོང་ས་ཡིན་སོང་།།

No comments:

Post a comment