རྒྱལ་ཁའི་སྟོབས་ཤུགས། རྩོམ་པ་པོ། སེ་ཤུལ་རིན་ཆེན་དོན་འགྲུབ།
༡
གངས་ཅན་པ། ཆིག་སྒྲིལ་གནོང་དང་། ཆིག་སྒྲིལ་གྱི་སྟོབས་ཤུགས་རྒྱལ་ཁའི་རྩ་བ་ཡིན།
ང་ཚོ་རྒྱལ་ཁའི་ཕྱོགས་སུ་བསྐྱོད་འགྲོ། ང་ཚོ་རེ་བའི་ཕྱོགས་སུ་སྙེག་འགྲོ།
བློ་སྤོབས་ཅན་གྱི་གངས་ཅན་གདོང་དམར་བ།
༢
བོད་པ་ཚོ། མཐུན་སྒྲིལ་གནོང་དང་། མཐུན་སྒྲིལ་གྱི་ལག་རྡང་ཡོད་ཚད་ཀྱི་གཞི་མ་ཡིན།
ང་ཚོ་ཞི་བདེའི་ཕྱོགས་སུ་བསྐྱོད་འགྲོ། ང་ཚོ་ལམ་སྟོན་གྱི་རྗེས་སུ་འབྲང་འགྲོ།
བྱམས་སེམས་ཅན་གྱི་གངས་ཅན་བོད་པ་ལགས།
༣
བོད་རིགས་ཚོ། གཅིག་སྒྲིལ་གནོང་དང་། གཅིག་སྒྲིལ་གྱི་ནུས་པ་ལྕགས་ཀྱི་ཕ་ལམ་ཡིན།
ང་ཚོ་རེ་བའི་ཉི་གཞོན་བསུ་རུ་འགྲོ། ང་ཚོ་ཁྱད་འཕགས་རིག་གཞུང་སྐྱོང་དུ་འགྲོ།
སྙིང་སྟོབས་ཅན་གྱི་བརྩེ་བའི་གངས་ཅན་པ།

No comments:
Post a Comment