༈ བརྩེ་དུང་ནོར་བུ་རེད། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
༡་ རྒྱུ་འབྱོར་པ་སེར་ཆེན་མེ་ཏོག་རེད།།
འཐུ་བསམ་ན་སྤང་ལྗོངས་སྟེང་ལ་ཡོད།།
ལྷོ་འཛམ་གླིང་སྤང་ཆུང་ལྡུམ་ར་ཡིན།།
ལག་བདེ་མོ་ཡོད་ན་སུས་ཁྱེར་རེད།།
༢ གྲོགས་ཕོ་མོ་གསེར་དངུལ་རིན་ཆེན་རེད།།
ཉོ་བསམ་ན་ཁྲོམ་ཆེན་དཀྱིལ་དུ་ཡོད།།
ལྷོ་འཛམ་གླིང་ཁྲམ་ར་ཆེན་མོ་ཡིན།།
ཐོབ་འབྱོར་པ་ཡོད་ན་སུས་ཉོ་རེད།།
༢་ སེམས་བརྩེ་དུང་འདོད་འབྱུང་ནོར་བུ་རེད།།
དགོས་བསམ་ན་མཚོ་མོའི་གཏིང་ལ་ཡོད།།
མཚོ་སྔོན་མོ་ནོར་བུའི་བང་མཛོད་ཡིན།།
ལེན་བསམ་ཡང་ཐོབ་རྒྱུ་ཁག་པོ་རེད།།
༡་ རྒྱུ་འབྱོར་པ་སེར་ཆེན་མེ་ཏོག་རེད།།
འཐུ་བསམ་ན་སྤང་ལྗོངས་སྟེང་ལ་ཡོད།།
ལྷོ་འཛམ་གླིང་སྤང་ཆུང་ལྡུམ་ར་ཡིན།།
ལག་བདེ་མོ་ཡོད་ན་སུས་ཁྱེར་རེད།།
༢ གྲོགས་ཕོ་མོ་གསེར་དངུལ་རིན་ཆེན་རེད།།
ཉོ་བསམ་ན་ཁྲོམ་ཆེན་དཀྱིལ་དུ་ཡོད།།
ལྷོ་འཛམ་གླིང་ཁྲམ་ར་ཆེན་མོ་ཡིན།།
ཐོབ་འབྱོར་པ་ཡོད་ན་སུས་ཉོ་རེད།།
༢་ སེམས་བརྩེ་དུང་འདོད་འབྱུང་ནོར་བུ་རེད།།
དགོས་བསམ་ན་མཚོ་མོའི་གཏིང་ལ་ཡོད།།
མཚོ་སྔོན་མོ་ནོར་བུའི་བང་མཛོད་ཡིན།།
ལེན་བསམ་ཡང་ཐོབ་རྒྱུ་ཁག་པོ་རེད།།
འདི་གཞས་པ་ཕུར་བུ་རྣམ་རྒྱལ་ལགས་ཀྱིས་(2012 ལོར་)སྤྱད་ཟིན་པས་ཡིད་ལ་ཟུངས།
ReplyDeleteདེངས་རབས་དཔའ་ ལ་གླུ་ཞིག་ལེན།།
ReplyDeleteཧེ་ང་ཡི་སྤུན་དང་སྙིང་ཉེ་ཚོ།།
ཉམས་ཕྲ་བས་དུས་རབས་འདི་ཡིས་ནང།།
ཕྱིའི་མཛེས་ཆོས་གོང་འཕེལ་་གོང་རྒྱས་རེད།།
ནང་སེམས་པ་ཇེ་སྡུག་ཇེ་ངན་རེད།།
དཀར་ལས་འབྲས་རྩི་མཁན་ཇེ་དཀོན་རེད་།།
རྒྱུ་གོ་ས་་འདོད་མཁན་ཇེ་མང་རེད།།
ཆོས་དགེ་སྯིག་རྩི་མཁན་ཇེ་ཉུང་རེད།།
སྐྱིད་ལུངས་སྤྱོད་འདོད་མཁན་ཇེ་མང་རེད།།
དེངས་སྐྱེ་བུ་རྣམས་ཀྱི་བྱ་ལུགས་ལ།།
སྙིང་མཁལ་མས་དཀྱིས་ནས་་ཞན་པ་ལོགས།།
མིག་ཁྲ་ཆུང་ངོགས་ནས་འཆི་མ་་བཞུར།།
སྣ་བཟང་པོའི་ཕྱོགས་ནས་དྲི་ངན་སྡུག།།:-D
ལག་བདེ་པོ་ཨ་མའི་གནང་དུས་སུ།།
བདེ་སྤྱོད་པར་མེད་ན་ཕང་པོ་རེད།།
ཡིག་སྣ་རྒྱ་ཐུན་མའི་སྦྱིན་དུས་སུ་།།
འདི་རྩ་བརླག་གྱུར་ན་སྐྱོ་བོ་རེད།།
དེ་ལྟར་བུ་རྒྱ་མཚན་མང་མོད་ཀྱང།།
བློ་ཡངས་པའི་གདོང་དམར་རྣམ་པ་ཡིས།
རང་དྲན་འཛིན་མེ་ལུང་ངོགས་སུ་ལ་།།
ཁྲ་ལམ་ལམ་འཆར་གྱིས་ཡོད་ཤག་ཡིན།།
དཀར་ཤོག་བུ་དཀར་དཀར་སྟིང་དུ།
ནག་ཡིག་དཀར་དྲུག་མ་བྲིས་བཞིན།
སེམས་བསམ་པའི་སྙིང་གཏམ་དྲོད་མོ་འདི་།།
ངེད་གངས་ཅན་པ་ལ་ཕུལ་བ་མཛོད།།
རྒྱལ་སྲས་ལེགས་ཚོགས་ནས།།
https://www.youtube.com/watch?v=mQjUicWoiXQ ཁྱེད་ཀྱིས་གཞས་ཚིག་གསན་འདོད་ཚེ། དྲ་ཐག་འདིའི་སྟེང་ནས་ཉན་རོགས་ཞུ།
ReplyDeletehttps://www.youtube.com/watch?v=mQjUicWoiXQ ཁྱེད་ཀྱིས་གཞས་ཚིག་གསན་འདོད་ཚེ། དྲ་ཐག་འདིའི་སྟེང་ནས་ཉན་རོགས་ཞུ།
ReplyDelete