དཔའ་བོའི་རྗེས་དྲན།

དཔའ་བོའི་རྗེས་དྲན། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
 མེ་མདའི་ཀག་སྒྲ་གྲགས་དུས། གློག་གི་དབྱུག་པས་རྡུང་དུས།
ཁྱེད་ཀྱི་ཟུངས་ཁྲག་ང་ཡི་སེམས་ནས་བཞུར། ང་ཡི་སྙིང་སྲོག་ཁྱེད་དང་མཉམ་དུ་རྨས།
རང་དབང་གི་འབོད་སྒྲ་རེ་རེ། མི་རིགས་ཤིག་གི་རྨི་ལམ་ཡིན།
མནར་གཅོད་ཀྱི་རྨ་ཤུལ་རེ་རེ། ས་ཡ་དྲུག་གི་ན་ཟུག་ཡིན།
རི་ཁ་བ་ཅན་གྱི་དཔལ་རྒོད་ཚོ། ཁྱེད་ཅག་གི་རྣམ་ཤེས་ང་ཡིས་དབྱངས་སུ་འགུགས།
ང་ཡི་དབྱངས་རྟ་ཁྱེད་དང་འདྲེས་གྱུར་ཅིག
  ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲི༔   ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲི༔   ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲི༔


ཉེས་མེད་བཙོན་ལ་བཅུག་དུས། དོན་མེད་བཙན་གྱིས་གསོད་དུས།
ཁྱེད་ཀྱི་མེ་ལྕེ་ང་ཡི་ཁོག་ནས་འབར། ང་ཡི་མིག་ཆུ་ཁྱེད་དང་མཉམ་དུ་བཞུད།
ཞུམ་མེད་ཀྱི་སྙིང་སྟོབས་རེ་རེ། མགོ་ནག་མི་ཡི་སྒལ་ཚིགས་ཡིན།
ཆོད་སེམས་ཀྱི་བློས་གཏོང་རེ་རེ། ཁ་བ་བོད་ཀྱི་ལོ་རྒྱུས་ཡིན།
རི་ཁ་བ་ཅན་གྱི་དཔལ་རྒོད་ཚོ། ཁྱེད་ཅག་གི་རྣམ་ཤེས་ང་ཡིས་དབྱངས་སུ་འགུགས
ང་ཡི་དབྱངས་རྟ་ཁྱེད་དང་འདྲེས་གྱུར་ཅིག
  ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲི༔   ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲི༔   ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲི༔

3 comments:

  1. འདི་ངས་སྡམ་གི་ཡིན་
    རྩོམ་པ་པོ་ལ་སྙིང་ཐབས་པ་ནས་ཐུགས་རྗེ་ཆེ།

    ReplyDelete
    Replies
    1. ཁྱེད་ཀྱིས་གཞས་ཚིག་འདི་སྤྱོད་ཆོག་པ་ཡིན། འོན་ཀྱང་ཁྱེད་ཀྱིས་ཟེར་སྡེར་གང་དུ་ག་དུས་ཙམ་ན་ཕྱིར་འདོན་མིན་སོགས་ཁ་གསལ་ལན་གནང་དགོས། དེ་མིན་འདི་ནས་གཞན་གྱིས་སྤྱོད་སྲིད།

      Delete
    2. ཁྱེད་ཀྱིས་གཞས་ཚིག་འདི་སྤྱོད་ཆོག་པ་ཡིན། འོན་ཀྱང་ཁྱེད་ཀྱིས་ཟེར་སྡེར་གང་དུ་ག་དུས་ཙམ་ན་ཕྱིར་འདོན་མིན་སོགས་ཁ་གསལ་ལན་གནང་དགོས། དེ་མིན་འདི་ནས་གཞན་གྱིས་སྤྱོད་སྲིད།

      Delete