ཕོ་རྒོད་དར་མ་མདུན་ལ་ཐོན་ཤོག

༈ ཕོ་རྒོད་དར་མ་མདུན་ལ་ཐོན་ཤོག རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
གྲི་དང་མེ་མདའ་ཟུར་དུ་གཡུགས་ནས། །
ཤེས་བྱ་རིག་པའི་དཔུང་ཤེད་ངོམ་སྟེ། །
ཕོ་རྒོད་དར་མ་མདུན་ལ་ཐོན་ཤོག །
བཙན་པོའི་དེབ་ཐེར་ཀློགས། རིག་པའི་བློ་གྲོས་སྡུར།
གངས་རིའི་བུ་ཞིག་ཡིན་པའི་རྟགས་ཤིག་གཞག

བག་དང་ཆང་རག་རྩད་ནས་བཅད་དེ། །
ཀུན་སྤྱོད་བཟང་པོས་ཁྱིམ་གཞིས་བསྐྱངས་ནས། །
ཕོ་རྒོད་དར་མ་མདུན་ལ་ཐོན་ཤོག །
བཙན་པོའི་དེབ་ཐེར་ཀློགས། རིག་པའི་བློ་གྲོས་སྡུར།
གངས་རིའི་བུ་ཞིག་ཡིན་པའི་རྟགས་ཤིག་གཞག

ཇག་དང་ནང་དམེ་གཏན་ནས་སྤངས་ཏེ། །
མཆམ་མཐུན་ཆིག་སྒྲིལ་སྙིང་ལ་བཅངས་ནས། །
ཕོ་རྒོད་དར་མ་མདུན་ལ་ཐོན་ཤོག །
བཙན་པོའི་དེབ་ཐེར་ཀློགས། རིག་པའི་བློ་གྲོས་སྡུར།
གངས་རིའི་བུ་ཞིག་ཡིན་པའི་རྟགས་ཤིག་གཞག

༢༠༡༣་༥་༢ ཉིན།།

1 comment: