གཤོག་པ་ཅན།

༈ གཤོག་པ་ཅན། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
༈ བྱ་ཐང་དཀར་གསེར་གྱི་གཤོག་པ་ཅན། །
འཕུར་བསམ་ན་འདབ་མ་རང་འགྲུབ་རེད། །
དགུང་ནམ་མཁའི་ཁ་རྒྱ་ཆེན་པོ་འདི། །
བྱ་ཁྱོད་ཀྱི་བསོད་ནམས་དབང་ཐང་རེད། །

སྨན་བུ་མོ་མཛངས་མའི་གཤོག་པ་ཅན། །
འགྲོ་བསམ་ན་བསུ་མ་རང་འགྲུབ་རེད། །
སྡེ་རྒྱ་གྲོང་ཁ་རྒྱ་ཆེན་པོ་འདི། །
སྨན་ཁྱོད་ཀྱི་བསོད་ནམས་དབང་ཐང་རེད། །

རྟ་འདོ་བ་རླུང་གི་གཤོག་པ་ཅན། །
རྒྱུག་བསམ་ན་བང་རྩལ་རང་འགྲུབ་རེད། །
ཐང་བདེ་མོའི་ཁ་རྒྱ་ཆེན་པོ་འདི། །
རྟ་ཁྱོད་ཀྱི་བསོད་ནམས་དབང་ཐང་རེད། །

ཕོ་རྒོད་པོ་རིག་པའི་གཤོག་པ་ཅན། །
ཐོན་བསམ་ན་བྱ་བཞག་རང་འགྲུབ་རེད། །
ལྷོ་འཛམ་གླིང་ཁ་རྒྱ་ཆེན་པོ་འདི། །
བུ་ཁྱོད་ཀྱི་བསོད་ནམས་དབང་ཐང་རེད། །

༢༠༡༤་༤་༡༤ ཉིན་བྲིས།

2 comments:

  1. འ། ངོ་མ་དྲ་ཚིགས་ཡག་པོ་ལས་ཡོད། ལྷ་སའི་མཚན་མོའི་གཞས་ཚིག་ཡོད་དམ། ཡོད་ན་ང་ཅིག་བསྐུར་རོགས་གནོང་དང་། petergonbo@gmail.com

    ReplyDelete
  2. This comment has been removed by a blog administrator.

    ReplyDelete