ཕོ་རབ་ཅིག་ལ་གཏམ་རབ་དགོས།

༄།། ཕོ་རབ་ཅིག་ལ་གཏམ་རབ་དགོས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ད་མ་འདུག་ཕོ་སྐྱེས་ཡར་ལོངས་དང་།། དགྲ་ཕྱི་ནང་གཉིས་ཀྱིས་མཐའ་སྐོར་བྱུང་།།
ཁ་ཕོ་རུས་མེད་ན་མནན་ལེ་རེད།། ཞེ་རུས་པ་མེད་ན་ཚར་ལེ་རེད།།
བུ་སུས་བཙོག་སྟོང་སྡེའི་སྔུན་ནས་ལྟ།།


ཡ་ཁོ་རེ་མ་འདུག་ཡར་ལང་དང་།། གཏམ་མྱི་ཁ་གཉིས་ཀྱིས་རི་གང་བྱུང་།།
བློ་རིག་པ་མེད་ན་དཀྲུག་ལེ་རེད།། དཔུང་ཕོ་ཤེད་མེད་ན་བརྙས་ལེ་རེད།།
སྐྱེས་ཕོ་རབ་ཅིག་ལ་གཏམ་རབ་དགོས།།

ཡ་ཕ་བཟང་བུ་ཡིན་ལང་ཤོག་ཨ།། ཕྱིའི་དགྲ་བོ་ལྕགས་ནག་ཐོ་བ་ལས།།
ནང་དགྲ་བོ་ཁང་རྒན་ཐིགས་པ་སྡུག།།ལས་སྐྱེ་བ་སྔོན་མའི་བསྐོས་ཐང་རེད།།
བོགས་ཁྲ་རིང་དེ་ལ་མདེལ་ཁ་སྤྲོད།།

No comments:

Post a Comment