སྤུན་ཟླ་ལགས། ཡུལ་ཤུལ་གྱི་མི་མང་།

སྤུན་ཟླ་ལགས། ཡུལ་ཤུལ་གྱི་མི་མང་།           རྩོམ་པ་པོ། ཨ་རིག་འགྱུར་མེད།
རང་བྱུང་གི་གནོད་པས་གོད་ཆག་བཏང་རུང་།
འཆི་གསོན་གྱི་མཚམས་ནས་སྡུག་བསྔལ་ལྕི་ཡང་།
གོ་བོ་དེ་ཡང་བསྐྱར་དགྱེ་ཤོག

སྙིང་སྟོབས་ཤིག་སྔར་ལས་བསྐྱེད་ཅིག
འདི་ནས་ངེད་ཅག་གི་རྩ་བའི་བླ་མས།
ཐུགས་སྨོན་དང་སྐྱབས་འཇུག་ཁྱེད་ཚོར་གནང་ཡོད།
ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔


སྤུན་ཟླ་ལགས། ཡུལ་ཤུལ་གྱི་མི་མང་།
འཆི་བདག་གི་འབོད་པ་མདུན་དུ་སླེབས་རུང་།
མནར་གཅོད་ཀྱི་མདའ་གྲི་སྙིང་ལ་ཟུག་ཀྱང་།
མགོ་བོ་དེ་ཡང་བསྐྱར་དགྱེ་ཤོག
སྙིང་སྟོབས་ཤིག་སྔར་ལས་བསྐྱེད་ཅིག
འདི་ནས་རང་རིགས་ཀྱི་སྤུན་ཟླ་ཡོངས་ཀྱིས།
སྐྱོ་གདུང་གི་འབོད་པ་རླུང་ལ་བསྐུར་ཡོད།
ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔


སྤུན་ཟླ་ལགས། ཡུལ་ཤུལ་གྱི་མི་མང་།
ས་ཁད་ཀྱིས་ང་ཚོའི་ཁ་ཐག་རིང་རུང་།
མཇལ་འཛོམས་ཀྱི་སྐལ་བ་ཤིན་ཏུ་ཕྲ་རུང་།
མགོ་བོ་དེ་ཡང་བསྐྱར་དགེ་ཤོག
སྙིང་སྟོབས་ཤིག་སྔར་ལས་བསྐྱེད་ཅིག
འདི་ནས་མིག་ཟུང་གིས་ཁྱེད་ཚོར་བལྟས་ཡོད།
སྐྱོ་སྡུག་གི་ཁེན་ས་ང་ཚོ་ཡིན་འགྲོ
ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔

1 comment:

  1. གཞས་པ་ཕུར་བུ་རྣམ་རྒྱལ་ལགསཀྱིས་གཞས་ཚིག་འདི་སྤྱད་ཟིན་པས་དེ་ལུགས་དགོང་འཇག་ཞུ། དྲ་བདག་གིས།

    ReplyDelete