བསྟོད་ཚིག་མེ་ཏོག་གི་ཆུན་པོ།

༈ བསྟོད་ཚིག་མེ་ཏོག་ཆུན་པོ།          རྩོམ་པ་པོ། བྲག་གཡབ་ཚེ་དབང་མཐར་ཕྱིན།
 གྲངས་མེད་ཀྱི་ཐུགས་བསྐྱེད་དམ་བཅའ་མཐུས། །
ཤར་ཕྱོགས་ཀྱི་གསེར་ལྡན་རྒན་མོ་རུ། །
གཟི་འོད་ཀྱི་ཉི་མ་ཚུར་ཤར་བས། །
དམངས་གཙོ་ཡི་འོད་སྣང་མཁའ་རུ་འཕྲོ། །
སྲོལ་ངན་གྱི་མུན་པ་མཐའ་རུ་བསྐྲད། །
བདེ་སྐྱིད་ཀྱི་འོད་སྟོང་བླ་ན་འཕགས། །
བྱམས་བརྩེ་ཡི་ཆུ་འཛིན་འདབ་མ་འབུམ། །
ལྷག་བསམ་གྱི་རླུང་གིས་ལྷབ་ལྷུབ་གཡོ། །

འཛམ་གླིང་གི་གོ་ལ་ཟླུམ་པོའི་ཁྲོད། །
ཞི་བསིལ་གྱི་སྦྲང་ཆར་ལྷུང་ལྷུང་འབབ། །
སྐྱེ་དགུ་ཡི་ཚ་གདུང་ལྷག་མེད་བཅིལ། །
ཐབས་མཁས་ཀྱི་ཐུགས་རྗེའི་རླབས་ཕྲེང་འཕྱོ། །

མཛད་འཕྲིན་གྱི་འོད་རླབས་གླིང་བཞིར་ཁྱབ། །
ཤར་ནུབ་ཀྱི་མཁས་ཀུན་མགྲིན་གཅིག་ཏུ། །
འཛམ་གླིང་གི་དེད་དཔོན་ཆེན་པོ་ཞེས། །
མཚན་སྙན་གྱི་མེ་ཏོག་འབུམ་ཕྲག་འཐོར། །

3 comments:

  1. 860....10.25
    དགའ་བསུ་ཞུ།

    ReplyDelete
  2. ཤར་རྐང་ལ།11/11/2011, 08:18

    འདི་ཕྱིའི་གཏན་གྱི་སྐྱབས་གནས་སྟོན་པའི་སྲས།།
    གཞིས་བྱས་ཟམ་པའི་འབྲེལ་འཛིན་སྟག་ཚལ་བུ།།
    རྟེལ་འབྲེལ་ཚད་མེད་ཞི་བདེའི་གསུང་དབྱངས་ཀྱིས།།
    གོ་ལའི་མི་རིགས་མཐའ་དག་མགྲོན་དུ་བསུས།།

    ReplyDelete
  3. ཤར་རྐང་ལགས་ཀྱིས་གཙོས་པའི་སྐུ་འགྲོན་དག་ལ་དགའ་བསུའི་སྣེ་ལེན་ཞུ། དོ་དམ་པས

    ReplyDelete