ཁྱེད་ལ་བླངས་པའི་གཞས།

ཕ་ཡུལ་དང་ཕ་མ། རྩོམ་པ་པོ། གནམ་ལྕགས།
གནམ་སྔོན་པོ་འདི་ཡི་འདབས་རོལ་ན།།
ས་དོག་མོ་འདི་ཡི་ཡང་སྟེང་ན།།
གནས་སྐྱིད་པོ་ས་ལའི་སྨན་ལྗོངས་ཡོད།།
ཡུལ་དེ་ནི་ང་ཡི་ཕ་ཡུལ་ཡིན།།
ཐང་ཡངས་པོ་མེ་ལོང་འཁྱིལ་འདྲ་ན།།
སྦྲ་སྨུག་པོ་ཞིག་གི་ཐུ་འོག་ན།།
བྱམས་བརྩེ་བའི་ཞལ་གསུང་དྲོན་མོ་ཅན།།
ཕ་དྲིན་ཆེན་བྱང་ཆུབ་སེམས་དཔའ་ཡིན།།

ནམ་སྐྱ་རེངས་དང་བོའི་སྔ་རོལ་ནས།།
རྟ་ནོར་ལུག་བསྐོར་བའི་ལྷས་འདབས་ན།།
འབྲི་འཛོ་མོ་འཇོ་བའི་བཞོ་དབྱངས་ཅན།།
མ་དྲིན་ཆེན་རྗེ་བཙུན་སྒྲོལ་མ་ཡིན།།

No comments:

Post a Comment