མི་རིགས་ཀྱི་བླ་སྲོག

༈ མི་རིགས་ཀྱི་བླ་སྲོག རྩོམ་པ་པོ། ལྷ་ཐོག་རོ་ལངས།
སྙིང་སྟོབས་ཅན་གྱི་སྤུན་ཟླ་ཚོ།།
མེས་པོའི་སྐད་ཡིག་རྒྱུད་འཛིན་གྱིས།།
སྐད་ཡིག་མེད་པའི་མི་རིགས་དེ།།
རྣམ་ཤེས་མེད་པའི་མི་རིགས་ཡིན།།
རིག་རྩལ་ཅན་གྱི་ན་གཞོན་ཚོ།།
མེས་པོའི་སྐད་ཡིག་འཕེལ་རྒྱས་ཐོངས།།
སྐད་ཡིག་མེད་པའི་མི་རིགས་དེ།།
ཕ་མེས་མེད་པའི་མི་རིགས་ཡིན།།

བློ་གྲོས་ཅན་གྱི་གཞོན་ནུ་ཚོ།།
མེས་པོའི་སྐད་ཡིག་སློབ་སྦྱོང་མཛོད།།
སྐད་ཡིག་མེད་པའི་མི་རིགས་དེ།།
བླ་སྲོག་མེད་པའི་མི་རིགས་ཡིན།།
                           ༢༠༡༡ ་༤་༢༦

No comments:

Post a Comment