འུར་ལྷང་ལྷང་།

འུར་ལྷང་ལྷང་།རྩོམ་པ་པོ།གཅེན་པོ།
༈ ཚ་དྲོད་འཕེལ་བས་གངས་དཀར་རི་བོའི་དངུལ་ཆུ་འོད་འཚེར་འཚེར།།
རང་དབང་བྲལ་བས་གངས་ཅན་བོད་མིའི་སེམས་པ་གྲང་མེར་མེར།།
ས་མཐར་འཁྱར་བས་རང་ཡུལ་གངས་ཅན་ཡིད་ལ་དྲན་ལྷང་ལྷང་།།
མཉམ་འཛོམ་རེ་བས་དུས་ཀུན་རེ་བའི་གསོལ་འདེབས་འུར་ལྷང་ལྷང་།།
དུས་ཀྱི་རླུང་དམར་ནང་ནས་ལ་རྒྱའི་མར་མེའི་གཟི་འོད་འཚེར།།
དམག་གི་མུན་པའི་དཀྱིལ་ན་རབ་དཀར་འོད་ཀྱི་གོང་བུ་གསལ།།
མི་རིགས་བདེ་སྡུག་ཆེད་དུ་རྣམ་ཤེས་གྲངས་མེད་མཁའ་ལ་འཕྱོ།།
ཆོལ་ཁ་གསུམ་པོའི་ལྷན་འཛོམས་ཉིན་མོར་ཕྱིར་དྲན་ཁྱེད་ལ་ཞུ།།

གླུ་གར་རྒྱ་མཚོ་འཁྱིལ་ས་གངས་ཅན་ལྗོངས་ཀྱི་ཞིང་ཁམས་ནས།།
གྲེ་འགྱུར་ངག་གི་རོལ་མོས་འཚེ་མེད་ཞི་བདེའི་དབྱངས་ཆུང་ལེན།།
གླིང་བདུན་གོ་ལའིི་ཁྱོན་ཀུན་བག་ཕེབས་བདེ་སྐྱིད་རྫོགས་ལྡན་བཞིན།།
ནམ་ཡང་འཚེ་བ་མེད་པའི་སྤུན་ཟླའི་འཆམས་མཐུན་འཆམས་མཐུན་ཤོག།

No comments:

Post a Comment