སེམས་ནང་གི་བུ་མོ།

༈ སེམས་ནང་གི་བུ་མོ།
              རྩོམ་པ་པོ། ལི་ཐང་ངག་དབང་དབྱིག་གཉེན།
ངའི་སྙིང་ཁོང་དུ་འཛུམ་པའི།།
ཡིད་འཕྲོག་སེམས་ཀྱི་ལྷ་མོ།།
རྒྱང་རིང་ཕྱི་གླིང་ཡུལ་ནས།།
བུ་ངས་ཁྱེད་རང་དྲན་སོང་།།

སྙིང་སྡུག་བཀྲ་ཤིས་དབྱངས་འཛོམས།།
ཐུགས་སེམས་སྐྱོ་སྐྱོ་མ་གནང་།།
རྒྱང་རིང་ས་མཐར་སླེབས་ཀྱང་།།
མ་བརྗེད་སེམས་ལ་ཉར་ཡོད།།

ཡིད་མཐུན་སྙིང་གི་མཛའ་མོ།།
དབྱར་དགུན་སྟོན་དཔྱིད་མེད་པར།།
ང་དང་ཁྱེད་རང་དོན་དུ།།
སྨོན་ལམ་ཡང་ཡང་བཏབས་ཡོད།།

སྙིང་གྲོགས་བཀྲ་ཤིས་དབྱངས་འཛོམས།།
སེམས་པ་སྡུག་གི་མ་འདུག།།
སློབ་སྦྱོང་འབད་བརྩོན་གནང་དང་།།
མི་རིང་མྱུར་དུ་མཇལ་ཡོང་།།

No comments:

Post a comment