༈ རྒྱང་རིང་གི་ཨ་མ།
             འཆམ་ར་དྲི་མེད་རྒྱལ་མཚན།(ས་མཐའི་གཡུ་རལ།)
ལས་དབང་གི་གོམ་སྟབས་རེ་རེ། ཨ་མ་དང་གྱེས་པའི་ན་ཟུག་རེ་རེ།
མཐའ་ཡས་པའི་རྒྱ་མཚོའི་ཟུར་ནས། ངས་རྒྱང་རིང་གི་ཨ་མ་ཁྱེད་རང་ཧ་ཅང་དྲན།
རྒྱ་མཚོའི་རྦ་རླབས་རེ་རེ། ཨ་མ་འབོད་པའི་སྒྲ་དབྱངས་རེ་རེ།
ཆུ་ཡི་ཟེགས་མ་རེ་རེ། ཨ་མ་དྲན་པའི་མིག་ཆུ་རེ་རེ།
ཨ་མ། ཨ་མ།
ངའི་སེམས་ཀྱི་དྲན་ཤིང་དཀར་པོ།
བརྩེ་བ་དམར་པོ་སེམས་ལ་ཉར་ཡོད།
དུང་བ་དཀར་པོ་རྒྱང་ལ་གཏད་ཡོད།
ཁྱེད་རང་སྐུ་ཚེ་ཡུན་དུ་བརྟན་པར་ཤོག

ལས་དབང་གི་གོམ་སྟབས་རེ་རེ། ཨ་མ་དང་གྱེས་པའི་ན་ཟུག་རེ་རེ།
ཁེར་རྐྱང་གི་འཚོ་བའི་ཁྲོད་ནས། ངས་རྒྱང་རིང་གི་ཨ་མ་ཁྱེད་རང་ཧ་ཅང་དྲན།
མཚན་མོའི་མུན་པ་རེ་རེ། ཨ་མ་དྲན་པའི་གདུང་བ་རེ་རེ།
ཆར་ཆུའི་འབབ་སྒྲ་རེ་རེ། ཨ་མ་འབོད་པའི་སྐད་ཅོར་རེ་རེ།
ཨ་མ། ཨ་མ།
ངའི་སེམས་ཀྱི་དྲན་ཤིང་དཀར་པོ།
བརྩེ་བ་དམར་པོ་སེམས་ལ་ཉར་ཡོད།
དུང་བ་དཀར་པོ་རྒྱང་ལ་གཏད་ཡོད།
ཁྱེད་རང་མྱུར་དུ་མཇལ་བའི་སྨོན་འདུན་ཡོད།

No comments:

Post a Comment