བུ་ཁྱེད་ཀྱི་བསམ་དོན་འགྲུབ་པར་ཤོག །

བུ་ཁྱེད་ཀྱི་བསམ་དོན་འགྲུབ་པར་ཤོག རྩོམ་པ་པོ། སང་རྡོར།
བོད་གངས་ཅན་ཆོས་ཀྱི་ཞིང་ཁམས་ན། 
རྗེ་བླ་མའི་མཛད་ཕྲིན་རྒྱས་ནས་བྱུང་།
ལྷོ་འཛམ་གླིང་ཆོས་འཁོར་ཡང་ཡང་བསྐོར།
་སེམས་ཅན་བདེ་སྐྱིད་ལྡན་པར་ཤོག
གང་སྐུ་ཚེ་ཞབས་པད་བརྟན་པར་ཤོག 


གངས་དཀར་པོའི་དབུ་རྩེ་གོང་མ་ནས།
སེང་དཀར་མོའི་གཡུ་རལ་རྒྱས་ནས་བྱུང་།
དགྲ་སྤྱང་ཚོགས་མཐར་ལ་སྤྲད་ནས་སུ།
ལུག་གཡང་དཀར་རང་ས་ཟིན་པར་ཤོག
རྗེ་ཁྱེད་ཀྱི་དབང་ཐང་དར་བར་ཤོག

ངེད་གདོང་དམར་བོད་ཀྱི་ཕོ་རྒོད་ཚོས
དཔའ་བློ་ཁོག་དགྲ་ལ་ངོམས་ནས་སུ།
སྲོག་དམར་པོ་མེ་ལ་ཕུལ་ནས་སོང་།
བོད་གངས་ཅན་རང་དབང་ཐོབ་པར་ཤོག
བུ་ཁྱེད་ཀྱི་བསམ་དོན་འགྲུབ་པར་ཤོག 

ང་གངས་ཅན་བོད་ཀྱི་བུ་ཆུང་གིས།
སེམས་བསམ་པའི་གླུ་ཞིག་བླངས་ནས་ཡོད།
རིགས་གཅིག་པའི་བོད་རིགས་སྤུན་ཟླ་རྣམས།
རང་རིགས་ཀྱི་ལ་རྒྱ་དར་བར་ཤོག །
ལས་སྐྱིད་སྡུག་གཅིག་ལ་སྒྲིལ་བར་ཤོག 

2 comments: