ཆུང་འགྲོགས་བྱམས་པ།

ཆུང་འགྲོགས་བྱམས་པ། རྩོམ་པ་པོ། བཅུད་པར་རྫ་སྐྱེས།
ཡངས་པའི་རྩྭ་ཐང་ཁྲོད་ཀྱི། །
རུ་སྡེ་ཁྲ་མོའི་གྲོང་ན། །
ང་ཡི་ཆུང་འགྲོགས་ལུས་ཡོད།།
བརྩེ་སེམས་དཀར་པོ་དུང་འདྲ།།
དུངས་པའི་བྱམས་པ་ལྷ་ཡིན།། 
གཤིས་རྒྱུད་དྲང་མོ་མདའ་འདྲ། ། 
མཇལ་རྒྱུ་རྨི་ལམ་ཡིན་རུང་།། 
ཡིད་ནས་བརྗེད་ཐབས་མི་འདུག །
ང་དང་ཆུང་འགྲོགས་བྱམས་པ།། 
ལས་འབྲས་སྨོན་ལམ་མེད་པའི།། 
ཚེ་འགྲོགས་རྨི་ལམ་ཡིན་རུང་།། 
དྲན་ཤིང་གཏིང་རྡོ་ཡིན་སོང་།། 
ཆུང་འགྲོགས་དྲན་ཐེངས་རེ་ལ།། 
ཡ་ཆུང་གངས་དཀར་སེམས་ལ། །
གློ་བུར་སྨུག་པས་གཡོགས་དུས། ། 
དྲན་གདུང་མཆི་མ་ཟགས་སོང་།།

༢༠༡༣་༥་༡༧ནོར་གླིང་ནས་བྲིས་པ་དགེའོ།

1 comment:

  1. གང་ལེགས་འདུག། ཐུགས་རྗེ་ཆེ། བཀྲས་ཆུང་།

    ReplyDelete