འགྲོ་བའི་སྐྱབས་མགོན།

འགྲོ་བའི་སྐྱབས་མགོན། རྩོམ་པ་པོ། སེར་ཤུལ་རིན་ཆེན་དོན་གྲུབ།
འགྲོ་བའི་སྐྱབས་མགོན། བསྐལ་བ་སྟོང་གི་ཐུགས་བསྐྱེད་དེ་ལ།
ཨེ་མ་ངོ་མཚར་ཆེ་བྱུང་། ཨེ་མ་གཟི་བརྗིད་ཆེ་བྱུང་།
ཞི་བདེའི་དེད་དཔོན། ངོ་མཚར་ལྡན་པའི་མཛད་བཟང་བསམ་ན།
དད་འདུན་ལྡོག་མེད་འཕྱུར་བྱུང་། སྐྱབས་མགོན་དམ་པ་མཁྱེན་ནོ།།

རྒྱལ་མཆོག་དམ་པ། གཉིས་ཕན་ཐབས་ཇུས་ཟབ་མོ་དག་གིས།
ཆེ་དགུས་མཆོག་ཏུ་བཀུར་སོང་། འགྲོ་བའི་མགོན་དུ་གྱུར་སོང་།
རླབས་ཆེན་དབུ་ཁྲིད། འཛམ་གླིང་འདི་ཡི་ཤེས་ལྡན་སྐྱེ་བོས།
ཁྱེད་ལ་བསྔག་དབྱངས་དཀྲོལ་སོང། ཁྱེད་ལ་གུས་པས་བཏུད་སོང་།

གངས་རིའི་མགོན་པོ། ལམ་སྟོན་གསུང་གི་གདམས་པ་དེ་ཡིས།
སྐྱེ་འགྲོའི་རེ་འདུན་བསྐངས་སོང་། གངས་རིའི་གཟི་བརྗིད་བཏེགས་སོང་།
ཐམས་ཅད་མཁྱེན་པ། བོད་འབངས་སྐྱེ་འགྲོས་སྙིང་གི་དབུས་ནས།
ཁྱེད་ཉིད་ཕེབས་པར་སྒུག་ཡོད། ཁྱེད་ཉིད་མཇལ་བར་སྒུག་ཡོད།

No comments:

Post a Comment