གཙང་མའི་དུངས་སེམས།

༈ གཙང་མའི་དུངས་སེམས། རྩོམ་པ་པོ། སྡེ་དགེ་ཀརྨ་རྣམ་དག
ལང་ཚོ་རྫིག་འདུག་མ་བསམས།།
འཐོབ་པའི་རེ་དོགས་མ་བཅངས།།
ཐོབ་ཤོར་མེད་པའི་བར་ནས།།
ཁྱོད་རང་སྙིང་ལ་འཛུལ་འདུག།

ལོ་ཟླའི་འཁོར་འགྲོས་བར་ནས།།
སེམས་པ་ཁྱོད་ལ་ཐིམ་སོང་།།
ཐུང་ཐུང་མི་ཚེའི་ནང་གི།
ཁྱོད་རང་ང་ཡི་རྨི་ལམ།།

ས་སྲོད་ཟླ་འོད་འོག་ནས།།
ཁེར་རྐྱང་ངང་སྒུག་བྱས་ཡོད།།
དྲན་པའི་སྐྱོ་སྣང་བན་བུན།།
སྐྱི་བསེར་རླུང་བུས་ཁྱེར་སོང་།།

No comments:

Post a Comment