བརྗེད་པ་མི་སྲིད། རྩོམ་པ་པོ། ནང་ཆེན་ཁམས་སྲས།

༈ བརྗེད་པ་མི་སྲིད། རྩོམ་པ་པོ། ནང་ཆེན་ཁམས་སྲས།
གཡོ་སྒྱུ་ཐབས་ཀྱི་བསླུ་བྲིད་མཁས་ཀྱང༌།།
ལོ་རྒྱུས་དོན་རྐྱེན་བརྗེད་པ་མི་སྲིད།།
དྲག་པོའི་དཔུང་གི་རྔམ་ཟིལ་ཆེ་ཡང༌།།
བདེན་པའི་ཐོབ་ཐང་བསྐྱུར་བ་མི་ཕོད།།


མི་ཆོག་མཚོན་གྱི་སྦྱོར་བ་རྩུབ་ཀྱང༌།།
རང་དབང་སྐད་སྒྲའི་འབོད་པ་མི་ཆད།།
མྱ་ངན་སྡུག་གི་ལོ་ཟླ་མོད་ཀྱང༌།།
གདོང་དམར་དཔའ་བོའི་སེམས་ཤུགས་མི་ཆག།

གཙུག་གི་སྐྱབས་མགོན་ཡུལ་གྱིས་བསྐལ་ཡང༌།།
གནང་བའི་བསླབ་བྱ་སེམས་ནས་མི་བོར།།
གྱེས་བྲལ་ཕུ་ནུ་རྒྱང་ཐག་རིང་ཡང༌།།
ཡིད་ཆེས་དུངས་བའི་རང་མདངས་མི་འགྱུར།།

No comments:

Post a comment