རིགས་བཟང་བུ་མོ།

༈ རིགས་བཟང་བུ་མོ། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
རིགས་བཟང་བུ་མོ། རི་བོའི་རྩེ་ལ་ལོག་འགྲོ
རི་བོའི་རྩེ་ལ་ཁ་བའི་མེ་ཏོག་བཞད་ཡོད།
ཁ་བའི་མེ་ཏོག་སྐད་དང་ཡི་གེ་ཡིན་སོང་།
བོད་ཕྲུག་ང་ཚོའི་བླ་སྲོག་དབང་ཐང་ཡིན་སོང་།
རེིགས་བཟང་བུ་མོ་ལགས། རི་བོའི་རྩེ་ལ་ལོག་འགྲོ

རིགས་བཟང་བུ་མོ། བྱང་ཕྱོགས་བོད་ལ་ལོག་འགྲོ
བྱང་ཕྱོགས་བོད་ལ་ལས་དབང་མེ་ཏོག་བཞད་ཡོད།
ལས་དབང་མེ་ཏོག་མི་རིགས་ལ་རྒྱ་ཡིན་སོང་།
བོད་ཕྲུག་ང་ཚོའི་གཟི་བརྗིད་དབང་ཐང་ཡིན་སོང།
རེིགས་བཟང་བུ་མོ་ལགས། བྱང་ཕྱོགས་བོད་ལ་ལོག་འགྲོ

རིགས་བཟང་བུ་མོ། ཕ་མའི་རྩ་ལ་ལོག་འགྲོ
ཕ་མའི་རྩ་ན་བྱམས་བརྩེའི་མེ་ཏོག་བཞད་ཡོད།
བྱམས་བརྩེའི་མེ་ཏོག་མི་ཚེའི་རིན་ཐང་ཡིན་སོང་།
བོད་ཕྲུག་ང་ཚོའི་བདེ་སྐྱིད་ལོངས་སྤྱོད་ཡིན་སོང་།
རེིགས་བཟང་བུ་མོ་ལགས། ཕ་མའི་རྩ་ལ་ལོག་འགྲོ
༢༠༡༤།༡༢།༣༡

No comments:

Post a comment