ཁྱེད་ཀྱི་སྐྱེས་སྐར་བསུ།

༈ ཁྱེད་ཀྱི་སྐྱེས་སྐར་བསུ། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཨ་ཕ་སྟག་རྒོད་འདྲ་མོ་གཡས་ན་བཞུགས་ནས།
ཨ་མ་རྨ་བྱ་འདྲ་མོ་གཡོན་ན་བཞུགས་ནས།
བུ་ཆུང་སེང་ཕྲུག་འདྲ་མོའི་སྐྱེས་སྐར་བསུའོ། །
ཉི་མ་གནམ་ལ་ཤར་བྱུང་། གངས་རི་ས་ལ་འགྱིང་སོང་།
ཁྱེད་ཀྱི་སྐྱེས་སྐར་གནམ་སའི་བར་ནས་བསུ། །
བཀྲ་ཤིས་སྨོན་འདུན་སེམས་པའི་གཏིང་ནས་བྱ། །
བདེ་སྐྱིད་འཚོ་བས་སྐུ་ཚེ་རིང་པར་ཤོག།

སྤུན་མཆེད་ལྷ་ཚོགས་འདྲ་མོ་གཡས་ན་བཞུགས་ནས།
མཛའ་གྲོགས་ཀླུ་རིགས་འདྲ་མོ་གཡོན་ན་བཞུགས་ནས།
བུ་མོ་ལྷ་མོ་འདྲ་མོའི་སྐྱེས་སྐར་བསུ་འོ། །
ཟླ་བ་གནམ་ལ་ཤར་བྱུང་། མེ་ཏོག་ས་ལ་བཀྲ་བྱུང་།
ཁྱེད་ཀྱི་སྐྱེས་སྐར་གནམ་སའི་བར་ནས་བསུ། །
བཀྲ་ཤིས་སྨོན་འདུན་སེམས་པའི་གཏིང་ནས་བྱ། །
བདེ་སྐྱིད་འཚོ་བས་སྐུ་ཚེ་རིང་པར་ཤོག།
༢༠༡༥།༡།༡

No comments:

Post a comment