འགྲོ་དང་།

༈ འགྲོ་དང་། རྩོམ་པ་པོ། འཆམ་ར་དྲི་མེད།
ཤར་གྱི་རི་ལ་འགྲོ་དང་། །
ཉི་མ་ཤར་ས་ཡིན་འདུག །
ཉི་འོད་ལུས་ལ་ཕོག་ན། །
བདེ་སྐྱིད་ལུས་ལ་ཐོབ་ཡོང་། །
བྱང་ཕྱོགས་བོད་ལ་འགྲོ་དང་། །
བོད་མའི་ཕ་ཡུལ་ཡིན་འདུག །
ཕ་ས་བདག་བཟུང་བྱས་ན། །
བུ་རྒྱུད་རླུང་རྟ་དར་ཡོང་། །

དབུས་ཀྱི་ཡུལ་ལ་འགྲོ་དང་། །
བླ་མ་ཕེབས་ས་ཡིན་འདུག །
བླ་མས་རྗེས་སུ་བཟུང་ན། །
བྱིན་རླབས་སེམས་ལ་འཁོར་ཡོང་། །

No comments:

Post a Comment