གྲོང་ཁྱེར་གྱི་ཕྱིར་དྲན།

༈ གྲོང་ཁྱེར་གྱི་ཕྱིར་དྲན། རྩོམ་པ་པོ།_སུམ་པའི་མེ་གཤོག
གྲོང་ཁྱེར་ནི་དེ་འདྲའི་འགྱུར་ལྡོག་ཆེ།
ང་རང་ནི་ཉིན་བཞིན་ཧུར་བརྩོན་བྱེད།
རོལ་དབྱངས་ཀྱིས་སེམས་ཀྱི་ངལ་བ་གསོས།
འཚོ་བ་ཞིག་དེ་ལྟར་ལོ་ལ་རོལ།

ཕ་ཡུལ་ནི་རྒྱང་དུས་ལུས་སོང་།
ཕ་ཡུལ་གྱི་ཡུལ་མི་དྲན་སོང་།
ང་རང་ནི་ཁེར་རྐྱང་མིན་ཡང་།
ཁེར་རྐྱང་གི་སྐྱོ་སྣང་ཞིག་གོ།
ང་རང་གི་འཚོ་བ་འདི་ཡི།
ཁ་དོག་དེ་གང་འདྲ་རེད་དམ།
ཕ་ཡུལ་ནི་སྔར་བཞིན་ཡིན་ནམ།
རྩྭ་ཐང་དེ་སྔར་བཞིན་ཡིན་ནམ།
ཨེ་་་ཡ་ལ་སོ། ཡེ་ཡེ་་་་།

གྲོང་ཁྱེར་ལ་ཉིན་མཚན་ཁྱད་མི་འདུག།
ཟིང་ཆ་ཞིག་ནམ་ཡང་འཇག་མི་ཐུབ།
ཤར་ནུབ་ཀྱི་ལམ་ནས་ཆས་འགྲོ་བའི།
མགྲོན་པོ་ཡི་འཚང་ཁ་ཉིན་བཞིན་མཐོང་།

ཕ་ཡུལ་གྱི་རི་ལུང་བརྒྱུད་ནས།
ཕ་ཡུལ་གྱི་མི་དང་མཇལ་འདོད།
ང་རང་ནི་ཁེར་རྐྱང་མིན་ཡང་།
ཁེར་རྐྱང་གི་སྐྱོ་སྣང་ཞིག་གོ།
ང་རང་གི་འཚོ་བ་འདི་ཡི།
ཁ་དོག་དེ་གང་འདྲ་རེད་དམ།
ཕ་ཡུལ་ནི་སྔར་བཞིན་ཡིན་ནམ།
གངས་རི་དེ་སྔར་བཞིན་ཡིན་ནམ།
ཨེ་ཡ་ལ་སོ་་་་་ཡེ་ཡེ།

No comments:

Post a comment