ཁྱོད་མ་སྡུག

༄།། ཁྱོད་མ་སྡུག རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཁྱོས་མ་འབྲི་སེམས་པ་ཇེ་སྐྱོ་རེད།།
བྲིས་བསྡད་ན་སྙིང་ལ་དོད་འགྲོ་རེད།།
ངའི་དམར་ཆུང་སྙིང་འདི་རྨས་འགྲོ་རེད།།
རྨས་སོང་ན་ཁྱེད་རང་ཇེ་སྐྱོ་རེད།།

ཁྱོད་མ་སྡུག་ནམ་ཟླ་ཇེ་གྲང་རེད།།
སྡུག་མིག་ཆུ་འཁྱག་པར་འགྱུར་འགྲོ་རེད།།
ངའི་སེམས་པ་འཁྱགས་ནས་འཁེང་འགྲོ་རེད།།
འཁེངས་སོང་ན་ཁྱེད་རང་ཇེ་སྡུག་རེད།།

ཁྱོས་མ་འབོད་རྨི་ལམ་ཇེ་འཁྲུག་རེད།།
རྨིས་བསྡད་ན་རྣམ་ཤེས་འཁྲུལ་འགྲོ་རེད།།
ངའི་འདུ་ཤེས་ཕྲ་མོ་འཁྱམ་འགྲོ་རེད།།
འཁྱམས་སོང་ན་ཁྱེད་རང་ཇེ་ན་རེད།།

༢༠༡༧/༡༠/༢༨ ཉིན་དེབ་ཅིག་ཀློག་ཞོར།

No comments:

Post a Comment