༈ ཆུང་འདྲིས་བྱམས་པ། རྩོམ་པ་པོ། འབའ་པ་སྐལ་བཟང་འཕྲིན་ལས།
ཆུང་འདྲིས་ཡིད་ལ་དྲན་བྱུང་།།
ཨ་་་་་་་་་་་་་་ཆུང་འདྲིས་བྱམས་པ་ལགས།
ཁྱེད་ཉིད་གང་ལ་སོང་ཡང་། ང་ཡི་སེམས་ལ་བཞད་ཡོད།
༡༽
མེ་ཏོག་ལྡུམ་རའི་ནང་ལ།
མེ་ཏོག་འདྲ་མིན་སྣ་ཚོགས།།
ང་ཡི་ཆུང་འདྲིས་བྱམས་པ།
མཛེས་པའི་པདྨ་དཀར་པོ།།
པདྨའི་དྲི་བསུང་འཐུལ་དུས།།མེ་ཏོག་ལྡུམ་རའི་ནང་ལ།
མེ་ཏོག་འདྲ་མིན་སྣ་ཚོགས།།
ང་ཡི་ཆུང་འདྲིས་བྱམས་པ།
མཛེས་པའི་པདྨ་དཀར་པོ།།
ཆུང་འདྲིས་ཡིད་ལ་དྲན་བྱུང་།།
ཨ་་་་་་་་་་་་་་ཆུང་འདྲིས་བྱམས་པ་ལགས།
ཁྱེད་ཉིད་གང་ལ་སོང་ཡང་། ང་ཡི་སེམས་ལ་བཞད་ཡོད།
༢༽
སྔོ་སངས་ནམ་མཁའི་མཐོང་ལ།།
རྒྱུ་སྐར་འདྲ་མིན་སྣ་ཚོགས།།
ང་ཡི་ཆུང་འདྲིས་བྱམས་པ།།
དྲི་མེད་ཟླ་བ་དཀར་པོ།།
ཟླ་བའི་བསིལ་ཟེར་འཕྲོ་དུས།།
ཆུང་འདྲིས་ཡིད་ལ་དྲན་བྱུང་།།
ཨ་་་་་་་་་་་་་་ཆུང་འདྲིས་བྱམས་པ་ལགས།
ཁྱེད་ཉིད་གང་ལ་སོང་ཡང་།ང་ཡི་སེམས་ལ་ཤར་ཡོད།
སྔོ་སངས་ནམ་མཁའི་མཐོང་ལ།།
རྒྱུ་སྐར་འདྲ་མིན་སྣ་ཚོགས།།
ང་ཡི་ཆུང་འདྲིས་བྱམས་པ།།
དྲི་མེད་ཟླ་བ་དཀར་པོ།།
ཟླ་བའི་བསིལ་ཟེར་འཕྲོ་དུས།།
ཆུང་འདྲིས་ཡིད་ལ་དྲན་བྱུང་།།
ཨ་་་་་་་་་་་་་་ཆུང་འདྲིས་བྱམས་པ་ལགས།
ཁྱེད་ཉིད་གང་ལ་སོང་ཡང་།ང་ཡི་སེམས་ལ་ཤར་ཡོད།
གྲྭ་པས་བརྩེ་གླུ་ལེན་མི་ཤེས་ངོ་མ་རེད།
ReplyDeleteང་ཡི་སེམས་་པ་བཞད་ཡོད་ཟེར་ན་སྙན་པོ་ཞིག་མ་རེད།
དེ་ལས་ཁེར་རྐྱང་གི་སྐྱོ་གླུ་དེ་འདྲ་ལོངས་དང་ཐོན་ལེ་རེད།
ཀུ་རེ་ཡིན་གདའ།
ཧཧཧ ཁྱེད་ཀྱིས་གནས་ལུགས་བཤད་བྱུང་། འོན་ཀྱང་གྲྭ་བ་ཚོ་ཁ་རོག་གེར་འདུག་གི་མ་རེད་་་་་་་་་
ReplyDelete