ལས་དབང་།

ལས་དབང་། རྩོམ་པ་པོ། དོལ་སྨྱོན།
 ང་ཡི་གཡུ་ཆུང་ཁྱོད་ཀྱི་ལག་ཏུ་བཞག།།
 ཁྱོད་ཀྱིས་གཡུ་ཆུང་གཙང་པོའི་ནང་དུ་གཡུགས།།
 ག་ལེར་ག་ལེར་རྒྱ་མཚོའི་ཀློང་དུ་འཐིམ།།
 ཨེ་མ་བུ་ཆུང་ང་ཡི་ལས་དབང་འདི།།

 ང་ཡི་དར་དཀར་ཁྱོད་ཀྱི་སྐེ་ལ་བསྐོན།།
 ཁྱོད་ཀྱི་དར་དཀར་བསིལ་བུའི་རླུང་ལ་བསྐུར།།
 ག་ལེར་ག་ལེར་དགུང་སྔོན་དབྱིངས་སུ་ཡལ།།
 ཨེ་མ་བུ་ཆུང་ང་ཡི་ལས་དབང་འདི།།

ང་ཡི་མེ་ཏོག་ཁྱོད་ཀྱི་ལན་བུར་བརྒྱུས།།
 ཁྱོད་ཀྱིས་མེ་ཏོག་ཕྱག་དར་ཁྲོད་དུ་འཕངས།།
 ག་ལེར་ག་ལེར་མི་མངོན་དབྱིངས་སུ་འཐིམ།།
 ཨེ་མ་བུ་ཆུང་ང་ཡི་ལས་དབང་འདི།།
 དོལ་སྨྱོན་ནས།

1 comment: