གངས་རི་དཀར་པོའི་སྒལ་ཚིགས།

༈ གངས་རི་དཀར་པོའི་སྒལ་ཚིགས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཕ་ས་ཕ་ཡུལ་དག་པའི་ཞིང་ཁམས་ཡིན། །
ཤར་གྱི་ཇག་པས་བཟུང་བའི་བཙོན་རྭ་ཡིན། །
སྡུག་གི་མིག་ཆུ་ཤད་པའི་སྤུན་ཟླ་རྣམས། །
གངས་རི་དཀར་པོ་འདི་ཡི་སྒལ་ཚིགས་ཡིན། །


སྤུན་དང་སྲིང་མོ་ཚེ་འདིའི་ཡོད་ཚད་ཡིན། །
ནག་པོ་དགྲ་ཡིས་མནར་གཅོད་གཏོང་ས་ཡིན། །
རང་བྱུང་གཏེར་གྱིས་ཁེངས་པའི་ཡུལ་ལྗོངས་འདི། །
སྒང་པ་བོད་ཀྱི་ཕ་གཞིས་དྲོན་མོ་ཡིན། །

ང་དང་གཞོན་ནུ་མེས་པོའི་རྒྱུད་པ་ཡིན། །
རང་དབང་ལྷ་མོས་བསྐྱུར་བའི་དྭ་ཕྲུག་ཡིན། །
སྒྲ་སྙན་པི་འང་དཀར་པོའི་འགྱུར་ཁུག་འདི། །
ཁེར་རྐྱང་སེམས་པ་འདི་ཡི་སྐྱོ་རོགས་ཡིན། །

༢༠༡༣་༤་༢༤ཉིན།

6 comments:

  1. ཡག་པོ་བྲིས་གནང་ཤག

    ReplyDelete
  2. རིག་འཛིན་ཁྱུང་པོ་ལགས་ཕེབས་པར་དགའ་བསུ་ཞུ།
    ཟུར་ཞུ། གཞས་ཚིག་འདི་བོད་ནང་ནས་གདབས་ཟིན་སོང་པས། རྣམ་པ་ཚོས་དེ་ལུགས་དགོངས་འཇག་ཞུ།

    ReplyDelete
  3. གཞས་དེ་ཉན་ས་ག་ནས་ཡོད་དམ།

    ReplyDelete
  4. གཞས་ཚིག་འདི་ད་དུང་དངོས་སུ་བེད་སྤྱོད་བྱས་མེད་ཚོད་འདུག་པས། དགོས་མཁན་ཡོད་ན་བེད་སྤྱོད་བྱ་ཆོག

    ReplyDelete
  5. གཞས་ཚིག་འདི་ད་དུང་དངོས་སུ་བེད་སྤྱོད་བྱས་མེད་ཚོད་འདུག་པས། དགོས་མཁན་ཡོད་ན་བེད་སྤྱོད་བྱ་ཆོག

    ReplyDelete