༈ བྱམས་པ་མ་གཏོགས་མི་བཤད། རྩོམ་པ་པོ། མུ་ལ།
རྒྱུ་ནོར་སྒྱུ་མའི་རང་བཞིན།།
སུ་ལ་མཁོ་ཡང་སྦྱིན་ཆོག།
བྱམས་པས་གནང་བའི་མཛུབ་དཀྲིས།།
ཤི་ཡང་གཞན་ལ་མི་སྟེར།།
སྤང་ལྗོངས་སྟེང་གི་མེ་ཏོག།
སུ་ལ་མཁོ་ཡང་སྦྱིན་མཆོག།
མཛེས་པའི་རྒྱ་སེ་མེ་ཏོག།
བྱམས་པར་མ་གཏོགས་མི་སྟེར།།
ཁ་ནས་བཤད་པའི་ཉོག་གཏམ།།
སུ་ཡིས་ཉན་ཡང་བཤད་ཆོག།
བཅོས་མིན་སེམས་ཀྱི་སྙིང་གཏམ།།
སྙིང་སྡུག་མ་གཏོགས་མི་བཤད།།
ཁྲོམ་རའི་ཅ་ལག་སྣ་ཚོགས།།
སུ་ལ་མཁོ་ཡང་བཙོང་ཆོག།
རབ་མཛེས་གཡུ་ཆུང་དྲུག་དཀར། །
རོགས་ལོར་མ་གཏོགས་མི་བཙོང་།། མུ་ལ་ནས།
རྒྱུ་ནོར་སྒྱུ་མའི་རང་བཞིན།།
སུ་ལ་མཁོ་ཡང་སྦྱིན་ཆོག།
བྱམས་པས་གནང་བའི་མཛུབ་དཀྲིས།།
ཤི་ཡང་གཞན་ལ་མི་སྟེར།།
སྤང་ལྗོངས་སྟེང་གི་མེ་ཏོག།
སུ་ལ་མཁོ་ཡང་སྦྱིན་མཆོག།
མཛེས་པའི་རྒྱ་སེ་མེ་ཏོག།
བྱམས་པར་མ་གཏོགས་མི་སྟེར།།
ཁ་ནས་བཤད་པའི་ཉོག་གཏམ།།
སུ་ཡིས་ཉན་ཡང་བཤད་ཆོག།
བཅོས་མིན་སེམས་ཀྱི་སྙིང་གཏམ།།
སྙིང་སྡུག་མ་གཏོགས་མི་བཤད།།
ཁྲོམ་རའི་ཅ་ལག་སྣ་ཚོགས།།
སུ་ལ་མཁོ་ཡང་བཙོང་ཆོག།
རབ་མཛེས་གཡུ་ཆུང་དྲུག་དཀར། །
རོགས་ལོར་མ་གཏོགས་མི་བཙོང་།། མུ་ལ་ནས།
No comments:
Post a Comment