རྟ་ཕོ་རང་བྱོན།

༄།། རྟ་ཕོ་རང་བྱོན། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཁོ་རེ། གླུ་ཨ་ལ་ལ་མོ་ཨ་ལ་རེད།།
རྟ་རྐྱང་ལུ་འདི་ལ་འགྲོས་ཤིག་ཡོད།།
འགྲོས་གོམ་པ་རླུང་གི་གཤོག་པ་ཡོད།།
ཐང་སྔོན་མོ་གྲུ་གུ་སྒྲིལ་སྒྲིལ་ཡིན།།
ལས་རླུང་རྟ་དར་བའི་བཀྲ་ཤིས་ཤོག།།

ཁོ་རེ། ཐ་ལ་ངག་གི་འགུག་ལུཊ་རེད།།
རྟ་འདོ་བ་འདི་ལ་མགོ་ཞིག་ཡོད།།
ལྷ་བླ་མའི་ཚེ་བུམ་འདྲ་ལེ་ཡོད།།
རྔོག་ཟིལ་བ་བདུད་རྩི་རང་འབབ་ཡིན།།
ཚེ་བསོད་བསོད་རྒྱས་པའི་བཀྲ་ཤིས་ཤོག།

ཁོ་རེ། ཨ་ལ་གླུ་ཡི་ལེན་ལུཊ་རེད།།
རྟ་གྱི་ལིང་འདི་ལ་གཡང་ཞིག་ཡོད།།
གཡང་ར་བ་སྒོ་བཞིའི་བྱིན་རླབས་ཡོད།།
ཁྱིམ་ཕ་གཞིས་བརྗིད་ཉམས་ཇེ་ཆེ་ཡིན།།
ལས་དབང་ཐང་དར་བའི་བཀྲ་ཤིས་ཤོག།།

༢༠༡༧/༡༠/༢༣ Max སྨན་ཁང་དུ་བསྟན་ཞོར།

No comments:

Post a Comment