སྐྱོ་བྱུང་།

༈ སྐྱོ་བྱུང་། རྩོམ་པ་པོ། རིག་འཛིན་ལགས།
ས་དེ་རྡ་ས་སྐྱིད་པ།།
ཐམས་ཅད་མཁྱེན་པའི་བཞུགས་གནས།།
རྡ་རམ་ས་ལའི་ཡུལ་དེ།།
ཕ་ཡུལ་མིན་པས་སྐྱོ་བྱུང་།།
ས་དེ་འཕགས་ཡུལ་སྐྱིད་པ།།
དམ་པའི་ཆོས་ཀྱི་འབྱུང་གནས།།
རྒྱ་གར་འཕགས་པའི་ཡུལ་དེ།།
གཞན་ཡུལ་ཡིན་པས་སྐྱོ་བྱུང་།།

རྒྱ་གར་རྒྱ་མཚོའི་ཡུལ་ལ།།
བོད་མིའི་འཚོ་བ་སྐྱིད་པ།།
བསམ་བློ་ཏན་ཏན་གཏོང་དུས།།
སྐྱབས་བཅོལ་ཡིན་པས་སྐྱོ་བྱུང་།།

ཕ་ཡུལ་ཕ་ཡུལ་མ་གསུང་།།
ང་ཡང་ཕ་ཡུལ་དྲན་བྱུང་།།
ཕ་ཡུལ་གངས་ལྗོངས་ལུང་པ།།
ཉིན་མཚན་མེད་པར་དྲན་བྱུང་།།

No comments:

Post a Comment