མི་ལོ་ལྔ་བཅུ།

མི་ལོ་ལྔ་བཅུ།             རྩོམ་པ་པོ། (བོད་དགེ་ངག་དབང་རྡོ་རྗེ་ལགས།)
གཞིས་བྱེས་ཁ་ཐོར་ཕྱིན་ཏེ།།
དུས་རབས་ཕྱེད་ཀ་རྫོགས་སོང་།།
ཟུངས་ཁྲག་མིག་ཆུ་བཞུར་ཏེ།།
མི་ལོ་ལྔ་བཅུ་འདས་སོང་།།
གཞིས་བྱེས་བོད་མིའི་ཟུངས་ཁྲག།
ཞི་བདེ་རྒྱ་མཚོར་འདྲེས་སོང་།།
བདེན་པའི་འབོད་སྒྲ་དྲག་པོས།།
འཛམ་གླིང་གཉིད་ལས་བསླངས་སོང་།།

གངས་ཅན་བོད་རིགས་སྤུན་ཟླ།།
ཐུགས་སེམས་སྐྱོ་བ་མ་གནང་།།
མི་རབས་འདི་ཡི་རིང་ལ།།
བདེ་སྐྱིད་ཉི་མ་འཆར་ཡོང་།།

ལྷག་བསམ་སྙིང་སྟོབས་ཡོད་ན།།
བདེན་པའི་འབྲས་བཟང་ཐོབ་ཡོང་།།
མཐུན་སྒྲིལ་ལ་རྒྱ་བརྟན་ན།།
ང་ཚོའི་འདོད་དོན་འགྲུབ་ཡོང་།།

No comments:

Post a Comment