མི་འདུག་མི་འདུག་རྒྱང་ལ་འགྲོ

༈ མི་འདུག་མི་འདུག་རྒྱང་ལ་འགྲོ རྩོམ་པ་པོ། གཉན་པོ།
མི་འདུག་མི་འདུག་རྒྱང་ལ་འགྲོ།
རྒྱང་རིང་ཇོ་བོར་མཇལ་དུ་འགྲོ
དད་པའི་མཆོད་མེ་སྒྲོན། གུས་པའི་རྐྱང་ཕྱག་འཚལ།
འགྱུར་མེད་ཀྱི་དད་པ་སེམས་ན་ཡོད།
སེམས་བསམ་པས་གསོལ་བ་སྙིང་ནས་འདེབས།
མི་འདུག་མི་འདུག་རྒྱང་ལ་འགྲོ།
གཡོ་སྒྱུའི་སྤྱོད་ངན་དོར་ནས་འགྲོ།
ཡ་རབས་རྗེས་སུ་སྙེག སྤྱོད་བཟང་མིག་དཔེར་འཛིན།
མི་ཚེ་ཡི་སྟོབས་ནུས་བོད་ལ་འབུལ།
བརྩེ་སེམས་ཀྱི་གླུ་དབྱངས་གངས་ལ་ལེན།

མི་འདུག་མི་འདུག་རྒྱང་ལ་འགྲོ།
འཛམ་གླིང་ཁྱོན་ལ་ལྟད་མོར་འགྲོ
མིག་གིས་རྒྱང་ལ་བལྟ། གོམ་པ་མདུན་དུ་སྤོ།
མི་རིགས་ཀྱི་ལ་རྒྱ་སེམས་ཀྱིས་གླེང་།
ལོ་རྒྱུས་ཀྱི་ཟིན་ཐོ་དེ་ནས་འབྲི།

No comments:

Post a Comment