སྐྱོ་གདུང་།

སྐྱོ་གདུང་། རྩོམ་པ་པོ། ཆབ་མདོ་ངག་དབང་ཕུན་ཚོགས།
༄༅།། མདོ་ཁམས་ཀྱི་སྐྱེ་རྒུ་མདོ་ལ།།
ས་ཡོམ་དེ་ཤུགས་ཆེར་བརྒྱབ་སྟེ།།
རང་རིགས་ཀྱི་སྤུན་ཟླ་དུ་མ།།
དུས་མིན་གྱི་རྐྱེན་འདས་ཤོར་སོང༌།།
ཡིག་དྲུག་གི་དབྱངས་རྟ་སྒྲོག་བཞིན།།
རི་ལུང་དེ་དུ་བས་རྒྱང་སོང༌།།

དྲིན་ཅན་གྱི་ཨ་མ་འབོད་བཞིན།།
ངུ་སྒྲ་དེ་ལྷང་ལྷང་སྒྲོག་གིན།།
སྐྱོ་གདུང་གི་མིག་ཆུ་འཐོར་བཞིན།།
ལག་པ་གཉིས་ཐལ་མོ་སྦྱར་ནས།།
གངས་ཅན་པའི་མཐོང་བ་དོན་ལྡན།།
ཕེབས་པ་ཡི་སྨོན་ལམ་བཏབས་སོང་། །

ལུས་སེམས་ལ་རང་དབང་མེད་པ།།
མིག་ཆུ་དེ་ས་ལ་ཟག་སོང༌།།
གངས་ལྗོངས་ཀྱི་ཆིག་སྒྲིལ་དེ་ལ།།
ཡིད་སེམས་འདི་དབང་མེད་འཕྲོག་སོང༌།།
བཀའ་དྲིན་དེ་ལན་བརྒྱ་ཞུ་འོ།།
གངས་ཅན་གྱི་བོད་འབངས་རྣམ་པ།།

No comments:

Post a comment