༈ ང་རང་ལོག་ཡོང་།

༈ ང་རང་ལོག་ཡོང་། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
1} ང་གཉིས་བྲལ་བ་ནས། ཁྱེད་ཀྱི་མིག་ཆུ་ང་ཡི་སེམས་ནས་བཞུར།
མིག་ཆུའི་ནང་ནས་ཁྱེད་ཀྱི་ཞལ་རས་མཇལ།
སྙིང་སྡུག་མ། སེམས་འཕྲལ་མ་གནོངས་དང་།
བརྩེ་བ་ལ་ཕ་མཐའ་མེད། ང་ཡི་མི་ཚེ་ཁྱེད་ཀྱི་འགྲམ་ན་ཡོད།
དབྱར་ཟླ་འགོ་མ་ཚེས་དུས། ཁུ་བྱུག་མོན་ནས་ལོག་དུས།
ང་རང་ཁྱེད་ཀྱི་འགྲམ་ན་ལོག་ཡོང་། ཁྱེད་ཀྱི་མིག་ཆུ་ང་རང་ལག་པས་འཕྱི་ཆོག
བརྩེ་བ་ལ་ཕ་མཐའ་མེད། ང་ཡི་མི་ཚེ་ཁྱེད་ཀྱི་འགྲམ་ན་ཡོད།
བརྩེ་བ་ལ་ཕ་མཐའ་མེད། ང་ཡི་མི་ཚེ་ཁྱེད་ཀྱི་འགྲམ་ན་ཡོད།

2} ང་གཉིས་བྲལ་བ་ནས། ཁྱེད་ཀྱི་སྙིང་གཏམ་ང་ཡི་སེམས་ནས་ཐོས། 
སྙིང་གཏམ་ནང་ན་ང་ཡི་མི་ཚེ་ཐིམ།
སྙིང་སྡུག་མ། སེམས་འཕྲལ་མ་གནོངས་དང་།
བརྩེ་བ་ལ་ཕ་མཐའ་མེད། ང་ཡི་མི་ཚེ་ཁྱེད་ཀྱི་འགྲམ་ན་ཡོད།
ཆར་པ་སིལ་སིལ་འབབ་དུས། བྱེའུ་ཚང་ལ་ལོག་དུས། 
ང་རང་ཁྱེད་ཀྱི་འགྲམ་ན་ལོག་ཡོང་། ཁྱེད་ཀྱི་རེ་སྒུག་ང་ཡི་མི་ཚེས་བསྐང་ཆོག
བརྩེ་བ་ལ་ཕ་མཐའ་མེད། ང་ཡི་མི་ཚེ་ཁྱེད་ཀྱི་འགྲམ་ན་ཡོད།
བརྩེ་བ་ལ་ཕ་མཐའ་མེད། ང་ཡི་མི་ཚེ་ཁྱེད་ཀྱི་འགྲམ་ན་ཡོད།

No comments:

Post a comment