ཀརྨ་པ།

༑ ཀརྨ་པ་།   རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ས་དོག་མོ་འདི་ཡི་ཡང་སྟེང་ན། གཡུ་རལ་ལུས་ལ་རྒྱས་པའི་གངས་སེང་ཞིག
དམར་ཡག་སྟག་གི་མཆེ་བས་མ་ཐུབ་ཅིང་། །འདམ་སེང་སྐྱ་བོའི་སྡེར་མོས་མ་གནོད་པའི།།
ཀརྨ་པ། ཀརྨ་པ། ཀརྨ་པ། ཨོ་རྒྱན་ཕྲིན་ལས་རྡོ་རྗེ།ཁྱེད་འཁྲུངས་པ་ང་ཚོའི་བསོད་ནམས་རེད། ཁྱེད་འཚར་བ་ང་ཚོའི་གཟི་བརྗིད་ཡིན།
རི་ཧི་མ་ལ་ཡི་རྩེ་མོ་ན། །དུང་དཀར་པོའི་ཟླ་བ་ཚེས་འདྲ་བོ།།
རྗེ་རྒྱལ་བ་གཉིས་པ་ཀརྨ་པ། །ཁྱེད་མགོ་ནག་མི་ཡི་སྐྱབས་མགོན་ཡིན།།
སྐུ་འགྱུར་བ་མེད་པའི་བཀྲ་ཤིས་ཤོག།
ཀརྨ་པ། ཀརྨ་པ། ཀརྨ་པ། ཨོ་རྒྱན་ཕྲིན་ལས་རྡོ་རྗེ།
ཁྱེད་འཁྲུངས་པ་ང་ཚོའི་བསོད་ནམས་རེད། ཁྱེད་འཚར་བ་ང་ཚོའི་གཟི་བརྗིད་ཡིན།

གནམ་སྔོན་མོ་འདི་ཡི་མར་ཞབས་ན། གསེར་འོད་ཕྱོགས་བཅུར་འཕྲོ་བའི་ཉི་མ་ཞིག
རྒྱ་མཚོ་ཆེན་པོས་མཛད་པ་མ་ཆོད་ཅིང་། །རི་བོ་ཆེན་པོས་ཕྲིན་ལས་མ་ཁོག་པའི།།
ཀརྨ་པ། ཀརྨ་པ། ཀརྨ་པ། ཨོ་རྒྱན་ཕྲིན་ལས་རྡོ་རྗེ།
ཁྱེད་འཁྲུངས་པ་ང་ཚོའི་བསོད་ནམས་རེད། ཁྱེད་འཚར་བ་ང་ཚོའི་གཟི་བརྗིད་ཡིན།
མཚན་མུན་པ་ནག་པོ་མཐུག་ས་ན། །འོད་འཚེར་འཚེར་སྒྲོན་མེ་འབར་འདྲ་བོ།།
རྗེ་རྒྱལ་བ་གཉིས་པ་ཀརྨ་པ། །ཁྱེད་སྒང་པ་བོད་ཀྱི་ལས་ལྷ་ཡིན།།
སྐུ་མཛད་ཕྲིན་རྒྱས་པའི་བཀྲ་ཤིས་ཤོག།
ཀརྨ་པ། ཀརྨ་པ། ཀརྨ་པ། ཨོ་རྒྱན་ཕྲིན་ལས་རྡོ་རྗེ།
ཁྱེད་འཁྲུངས་པ་ང་ཚོའི་བསོད་ནམས་རེད། ཁྱེད་འཚར་བ་ང་ཚོའི་གཟི་བརྗིད་ཡིན།

No comments:

Post a comment