དམག་ལ་ཆས་པ།


༄།། དམག་ལ་ཆས་པ།
 རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཕུ་ཡར་ན་རི་ཞིག་ཡོད་རྒྱུ་འདི།། ཕ་མེས་པོ་ཚང་གི་བླ་རི་རེད།།
བུ་དམག་ལ་འགྲོ་དགོས་ལས་དབང་རེད།། དམག་ཕར་འགྲོའི་དགྲ་ལྷ་དར་བ་ཤོག།

རྒྱབ་འདི་ན་བོག་ཞིག་ཡོད་རྒྱུ་འདི།།
སྟག་ཤ་ར་ཞིག་གི་ཁ་ལས་ཡིན།།
མདའ་མདེ་འུ་རེ་དང་རྒྱ་རྒན་རེ།།
ཀི་བསོ་སྒྲ་རེ་དང་རྒྱལ་ཁ་རེ།།

མགོ་སྐྲ་ལོ་རལ་བ་ཡིན་ལུགས་འདི།།
ཁོག་འདི་ན་འཁོན་འཛིན་ཡོད་རྟགས་རེད།།
བོད་མགོ་ནག་བསད་པའི་དགྲ་ལན་དེ།།
བུ་སྐྱེས་པའི་དོན་སྒོ་དང་པོ་ཡིན།།

༢༠༡༧/༡༠/༡༩ རྒྱབ་ཆད་ཀྱིས་འཐོར་བའི་དམག་དཔུང་ཞིག་ལ་བསམ་ཞོར།

No comments:

Post a comment