ཡེ་ཤེས་མཚོ་མོ།

༈ ཡེ་ཤེས་མཚོ་མོ།རྩོམ་པ་པོ།བུ་སྡུག་ཇོ་རུ།
 ལྡེམ་ལྡེམ་དུ་བསྐྱོད་ཀྱིན།
ཞབས་བྲོ་ལ་ཞུགས་དང་།
དོ་དགོང་གི་སྤྲོ་འཚོགས་འདི་ང་དང་ཁྱེད་ཀྱི་ཆེད་དུ་ཡིན།
དེ་རིང་གི་ཞབས་བྲོ་འདི་མ་འོངས་པའི་དྲན་རྟེན་ཆེད་དུ་ཡིན།
བུ་མོ་ལགས། ཡེ་ཤེས་མཚོ་མོ། ཡེ་ཤེས་མཚོ་མོ།
དཀར་དམར་གྱི་གློག་འོད་ལྷོད་ཀྱིས་འཁྱུག་དུས།
ཁྱེད་ཀྱི་མིག་འཚུམ་ང་ཡི་སྙིང་ལ་ཕོག།
ཁྱེད་ཀྱི་དགོད་སྒྲ་ང་ཡི་སེམས་ལ་འཁྱིལ།
བུ་མོ་ལགས།
ཁ་བའི་དཀྱིལ་དུ་མཛེས་པའི་ཡེ་ཤེས་མཚོ་མོ།
ཡེ་ཤེས་མཚོ་མོ།

ལྷོད་ལྷོད་ངང་བཞུགས་ནས།
སྙིང་གཏམ་ཞིག་གསུངས་དང་།
དེ་རིང་གི་ལྷན་འཛོམས་འདི་ང་དང་ཁྱེད་ཀྱི་ཆེད་དུ་ཡིན།
དོ་དགོང་གི་གླུ་དབྱངས་འདི་མ་འོངས་པའི་དྲན་རྟེན་ཆེད་དུ་ཡིན།
བུ་མོ་ལགས། ཡེ་ཤེས་མཚོ་མོ། ཡེ་ཤེས་མཚོ་མོ།
ལྦུ་ཆང་གི་བྲོ་བ་ལྕེ་རྩེར་སིམ་ཤིང་།
ང་ཡི་སེམས་པ་ཁྱེད་ཀྱི་ཕྱོགས་སུ་གཡོ།
ང་ཡི་རྨི་ལམ་ཁྱེད་ཀྱི་འགྲམ་ནས་རྨིས།
བུ་མོ་ལགས།

ཁ་བའི་དཀྱིལ་དུ་མཛེས་པའི་ཡེ་ཤེས་མཚོ་མོ།
ཡེ་ཤེས་མཚོ་མོ།

No comments:

Post a Comment