༄།། ཕོ་རྒོད་འབོད་པའི་གད་རྒྱངས། རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
སྟག་ཤ་ར་ཤ་རྒོད་དཔུང་པ་ཅན།། དཔའ་ཡོད་ན་དཔུང་པ་ངོམ་རན་སོང་།།
ཕྱིའི་དགྲ་བོས་ཕ་ས་འཕྲོགས་ཚར་སོང་།། འཕྲོགས་ཚར་ནས་རྒྱ་གྲོང་བཟོས་ཚར་སོང་།།
དུས་ད་ནི་མེད་ན་མེད་ལེ་ཡིན།།
ཕོ་རྒོད་པོ་ཕོ་རོག་ལྡིང་འགྲོས་ཅན།།
གདེང་ཡོད་ན་ར་མདའ་འགྲོ་རན་སོང་།།
དགྲ་ནག་པོས་ཕ་མེས་བསད་ཚར་སོང་།།
བསད་ཚར་ནས་རྒྱ་སྡེར་བསྒྱུར་ཚར་སོང་།།
དུས་ད་ནི་མེད་ན་མེད་ལེ་ཡིན།།
སྐྱེས་ཕོ་རབ་བློ་དང་རིག་པ་ཅན།།
རུས་ཡོད་ན་རིག་རྩལ་འདོན་རན་སོང་།།
སྡང་དགྲ་བོས་ཤེས་རིག་བརླགས་ཚར་སོང་།།
བརླགས་ཚར་ནས་རྒྱ་ལུགས་བསྒྱུར་ཚར་སོང་།།
དུས་ད་ནི་མེད་ན་མེད་ལེ་ཡིན།།
༢༠༡༧/༡༡/༡ དགྲ་བོ་མེད་ས་ན་དཔའ་ངར་ཆེ་བའི་མི་འགར་བསམ་ཞོར་ཁྲོ་ལ་ཚོང་ཁང་དུ།

No comments:
Post a Comment