༈ ངོ་མཚར་བའི་བོད། རྩོམ་པ་པོ། ནང་ཆེན་ཁམས་སྲས། (བོད་འབྱོར།)
ཡངས་པའི་འཇིག་རྟེན་འདི་ན།།
སྐད་དང་ཡི་གེ་མང་ཡང༌།།
ངོ་མཚར་དཔལ་གྱིས་ཕྱུག་པ།།
བོད་ཡིག་འདྲ་བ་མི་འདུག།
ཡངས་པའི་འཇིག་རྟེན་འདི་ན།།
སྐད་དང་ཡི་གེ་མང་ཡང༌།།
ངོ་མཚར་དཔལ་གྱིས་ཕྱུག་པ།།
བོད་ཡིག་འདྲ་བ་མི་འདུག།
ས་སྒང་གོ་ལའི་སྟེང་དུ།།
མི་རིགས་སྣ་ཚོགས་མང་ཡང༌།།
ཁྲེལ་དང་ངོ་ཚ་ལྡན་པ།།
བོད་མི་འདྲ་བ་མི་འདུག།
འཛམ་གླིང་མི་རིགས་ཁྲོད་ན།།
མཚན་སྙན་ཐོབ་པ་མང་ཡང༌།།
རླབས་ཆེན་ཞི་བདེའི་དེད་དཔོན།།
གོང་ས་འདྲ་བ་མི་འདུག།
དུས་རབས་ཉེར་གཅིག་ནང་དུ།།
ཆོས་ལུགས་འདྲ་མིན་མང་ཡང༌།།
འཚེ་མེད་ཞི་བའི་ལམ་བཟང༌།།
ནང་ཆོས་འདྲ་བ་མི་འདུག།
མི་རིགས་སྣ་ཚོགས་མང་ཡང༌།།
ཁྲེལ་དང་ངོ་ཚ་ལྡན་པ།།
བོད་མི་འདྲ་བ་མི་འདུག།
འཛམ་གླིང་མི་རིགས་ཁྲོད་ན།།
མཚན་སྙན་ཐོབ་པ་མང་ཡང༌།།
རླབས་ཆེན་ཞི་བདེའི་དེད་དཔོན།།
གོང་ས་འདྲ་བ་མི་འདུག།
དུས་རབས་ཉེར་གཅིག་ནང་དུ།།
ཆོས་ལུགས་འདྲ་མིན་མང་ཡང༌།།
འཚེ་མེད་ཞི་བའི་ལམ་བཟང༌།།
ནང་ཆོས་འདྲ་བ་མི་འདུག།
ཤིན་ལེགས
ReplyDelete