འགྲོ་ཡ་གངས་ཕྲུག་ཚོ།

༈ འགྲོ་ཡ་གངས་ཕྲུག་ཚོ། རྩོམ་པ་པོ། ནང་ཆེན་ཁམས་སྲས། (བོད་འབྱོར།)
ལས་དབང་གཅིག་པའི་གངས་ཕྲུག་ཚོ།།
མེས་པོའི་ཞབས་རྗེས་མཇལ་དུ་འགྲོ།།
ཕ་མེས་དུར་ས་འཚོལ་དུ་འགྲོ།།
གཡོ་ཁྲིམས་གསང་བ་སྔོག་ཏུ་འགྲོ།།

མདུན་ལམ་གཅིག་པའི་གངས་ཕྲུག་ཚོ།།
བདེན་པའི་ལམ་ཆེན་སྙེག་ཏུ་འགྲོ།།
ཡབ་མེས་ཡིག་ཚང་བཀླག་ཏུ་འགྲོ།།
དྲང་བདེན་གཟུ་བ་འཚོལ་དུ་འགྲོ།།

སྐྱིད་སྡུག་གཅིག་པའི་གངས་ཕྲུག་ཚོ།།
མི་རིགས་བདེ་སྡུག་གླེང་དུ་འགྲོ།།
ཞི་བདེའི་སྐྱབས་མགོན་བསུ་རུ་འགྲོ།།
གཞིས་བྱེས་ལྷན་འཛོམས་བྱེད་དུ་འགྲོ།།

རིགས་རྒྱུད་གཅིག་པའི་གངས་ཕྲུག་ཚོ།།
སྐད་ཡིག་བླ་སྲོག་སྐྱོབ་ཏུ་འགྲོ།།
རང་དབང་དར་ཆ་བསྒྲེང་དུ་འགྲོ།།
ཕ་གཞིས་སྨུག་པོ་སྲུང་དུ་འགྲོ།།

3 comments:

  1. དངོས་གནས་གོ་རྒྱུ་འདུག་།

    ReplyDelete
  2. གང་ལེགས་བྲིས་འདུག

    ReplyDelete
  3. ཡག་པོ་གདའ།









    ReplyDelete