རེ་རླབས་དགུ་སྒྲིལ།

རེ་རླབས་དགུ་སྒྲིལ། རྩོམ་པ་པོ། སེ་ཤུལ་རིན་ཆེན་དོན་འགྲུབ།
                                   ༡
རང་སྐད་གཙང་མ་གསུང་དང་། ཁྱེད་ཀྱི་ལ་རྒྱ་ཡིན། རང་གཤིས་གཙང་མ་ཉོར་དང་།
བླ་མའི་ལམ་སྟོན་ཡིན། ཆོལ་ཁ་གསུམ་གྱི་བོད་རིགས་ཚོ། དཔའ་མཛངས་ལྡན་པའི་མི་རིགས་ལགས།


ཕུགས་རེ་སྙིང་ལ་ཆོངས་དང་། ཁྱེད་ཀྱི་གཟི་བརྗིད་ཡིན། དཀར་ནག་དབྱེ་འབྱེད་གནོང་དང་།
བཙན་པོའི་གདུང་རྒྱུད་ཡིན། གངས་ཅན་བོད་ཀྱི་སྤུན་ཟླ་ཚོ། བྱམས་སེམས་ཅན་གྱི་མི་རིགས་ལགས།

ཤེས་བྱའི་གནས་ལ་བརྩོན་དང་། དུས་ཀྱི་དགོས་མཁོ་ཡིན། གནའ་དེང་ཟུང་དུ་སྦྲེལ་དང་། མཁས་པའི་རྗེས་ཤུལ་ཡིན།
 བསིལ་ལྗོངས་བྷོ་ཊའི་གཞོན་སྐྱེས་ཚོ། སྙིང་སྟོབས་ཅན་གྱི་མི་རིགས་ལགས།

No comments:

Post a Comment