རྨི་ལམ་ནང་གི་ལྷ་ས།

༈ རྨི་ལམ་ནང་གི་ལྷ་ས། རྩོམ་པ་པོ། སེར་ཤུལ་རིན་ཆེན་དོན་གྲུབ།
༈ རྨི་ལམ་ནང་གི་ལྷ་ས། བྱིན་རླབས་འབར་བའི་ལྷ་ས། གདོང་དམར་བོད་ཀྱི་རྒྱལ་ས།
ང་ཚོ་ཁྱེད་ཀྱི་མདུན་དུ་འོང་ངེས། ཁྱེད་ཀྱི་འོད་སྟོང་འབར་བའི་བདེན་དཔང་དེ།
ང་ཚོས་ནམ་ཡང་འདོར་མི་སྲིད། རྨི་ལམ་ནང་གི་ལྷ་ས།
རྨི་ལམ་ནང་གི་ལྷ་ས། ཞི་བསིལ་ཆོས་ཀྱི་ཞིང་ཁམས། མཐོ་སྒང་གྲོང་གི་ཡང་རྩེ།
ང་ཚོས་ཁྱེད་ཉིད་མངོན་པར་བསྟོད་ངེས། ཁྱེད་ཀྱི་གཟི་བྱིན་འཕྲོ་བའིམཛད་རྗེས་དེ།
ང་ཚོས་ནམ་ཡང་བརླག་མི་སྲིད། རྨི་ལམ་ནང་གི་ལྷ་ས།

རྨི་ལམ་ནང་གི་ལྷ་ས། ཆོས་རྒྱལ་བཙན་པོའི་སྐུ་མཁར། བོད་མའི་སེམས་ཀྱི་མཆོད་སྟེགས།
ང་ཚོས་ཁྱེད་ཉིད་སྤོབས་པས་འདེགས་ངེས། ཁྱེད་ཀྱི་ཞི་བདེ་འབོད་པའི་ཕུགས་འདུན་དེ།
ང་ཚོས་ནམ་ཡང་བརྩོན་པས་བསུ་ངེས། རྨི་ལམ་ནང་གི་ལྷ་ས།

No comments:

Post a Comment